| | e-texts navigator
|
217a1 །སྤྱོད་པ་ནི་སྨྲ་བ་དཀའ་ན་མ་བྱིས་པའི་རླུ་ལ་དྲོད་བྲག་བྱིན་པ་བཞིན་དུ་བཱི་ནེ་སྐད་སྐྱེ་བར་འགྱུ་རྱཱཿ།དེ་ལྟ་བསྟན་ཞེ་སྡང་སྤྱོད་པ་ནི་སྦྱངས་པའི་ཡོན་ཏན།།
217a2 བསྟེན་པར་དཀའ་བ་ཡིན་ནོ།།གཞན་དག་ན་རེ་ཞེ་སྡང་སྤྱོད་པ་ནི་དགོན་པ་པ་ཉིད་དངོ་།ཤིང་དྲུང་པོ་ཉིད་དགའོ།།དེ་ཅིའི་ཕྱིར་ཞེ་ན།དགོན་པ་དང་།ཤིང་དྲུང་ན་གནས
217a3 ན་དེ་དག་ཏུ་མི་འདོད་པས་གཙེ་བའི་ཉེས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ།།སྦྱངས་པའི་ཡན་ལག་ནི་དུས་ཀྱི་མཐར་ཐུག་པའི་དུ་ཞིག་ཅེས་བྱ་བ་ནི།།སྦྱངས་པའི་ཡན་ལག་གསུམ
217a4 པོ་ཤིང་དྲུང་པ་ཉིད་དང་།བླ་གབ་མེད་པ་ཉིད་དང་།དུར་ཁྲོད་པ་ཉིད་ནི་ཟླ་བ་བརྒྱད་ཀྱི་མཐར་ཐུག་པར་བྱ་སྟེ།དབྱར་ནི་གཡོགས་པར་གནས་པར་བཅོམ་ལྡན་འདས་ཀྱིས
217a5 གནང་ངོ་།།ཅི་སྦྱངས་པ་དེ་ཉིད་སྦྱངས་པ་སྨྲ་བ་འང་དེ་ཡིན་ན་མ་ཞེས་བྱ་བ་ནི་སྦྱངས་པ་ཡིན་ལ་སྦྱང་བ་སྨྲ་བ་ཡིན་པ་འང་ཡོད།སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པའང
217a6 ཡོད།སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པའང་ཡོད།སྦྱངས་པའང་མ་ཡིན་སྦྱོངས་པ་སྨྲ་བ་ཡིན་པའང་ཡོད་དོ།།དེ་ལ་སྦྱངས་པོ་འདྲ་ཡིན།སྦྱངས
217a7 པ་སྨྲ་བའང་ཡིན་པའང་ཡོད་ཅེས་བྱ་བ་ནི་དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པོ་དང་ལྡན་པའོ།།སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པའང་ཡོད་ཅེས
iiif viewer powered by OpenSeadragon
216b - 217b