| | e-texts navigator
|
216b1 རྗེས་སུ་བརྩོན་པའི་སླུ་བ་སེལ་ཏཱི།དེ་ལྟ་བས་ན་སྦྱངས་པའི་ཆོས་ནི་གཉིས་ཏེ།མ་ཆགས་པ་དང་།གཏི་མུག་མེད་པ་ཡིན་ཏོ།།དེ་ལ་འདོད་པ་ཆུང་བ་ཉིད་དང་།ཆོག་ཤེས་པ
216b2 ཉིད་དང་།རབ་ཏུ་དབེན་པ་ཉིད་ནི་མ་ཆགས་པ་ཡིན་ནོ།།ཡོ་བྱད་བསྙུངས་པ་ཉིད་དང་།འདིས་ཆོག་པ་ཉིད་ནི་གཏི་མུག་མེད་པ་ཉིད་ཡིན་ནོ།།དེ་ལ་མ་ཆགས་པས་ནི་སྤང་བའི་བཞི
216b3 བཅུ་གསུམ་ལ་ཆགས་པ་སེལ་ལ།གཏི་མུག་མེད་པས་ནི་བཞི་དེ་དག་ཉིད་ལ་ཉེས་དམིགས་མི་ཤེས་པ་སེལ་ཏོ།།ཡང་ཅི་སྤྱོད་པའི་གང་ཟག་རྣམས་སྦྱངས་པའི་ཡོན་ཏན་སྟོན
216b4 པར་དགའ་ཞེ་ན།འདོད་ཆགས་སྤྱོད་པ་དང་།གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་པར་དགའི།ཞེ་སྡང་སྤྱོད་པ་ནི་མ་ཡིན་ནོ།།དེ་ཅིའི་ཕྱིར་འདོད་ཆགས་སྤྱོད་པ་དང་།
216b5 གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟན་གྱི།ཞེ་སྡང་སྤྱོད་པའི་མོ་ཡིན་ཞེ་ན།སྦྱངས་པའི་ཡོན་ཏན་སྟེན་པ་ནི།བསྒྲུབ་དཀའ་བ་ཡིན་པས་འདོད་ཆགས་སྤྱོད་པ་བསྒྲུབ་དཀའ
216b6 བ་ལ་བརྟེན་ནོས་འདོད་ཆགས་རྣམ་པར་གནོན་པར་འགྱུར་ལ།གཏི་མུག་སྤྱོད་པའང་སྦྱངས་པའི་ཡོན་ཏན་སྟེན་པ་ཡང་དག་པ་རི་བླངས་པ་ཡོ་བྱད་བསྙུངས་པ་ལ་བརྟེན་ནས་རྟག་ཏུ་བག
216b7 ཡོད་པར་འགྱུར་ཞིང་བག་ཡོད་ན་གཏི་མུག་རྣམ་པར་གནོན་པར་འགྱུར་རོ།།དེ་ལྟ་བསོན་འདོད་ཆགས་སྤྱོད་པ་དང་།གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟོན་པར་དགའི།ཞེ་སྡང
iiif viewer powered by OpenSeadragon
216a - 217a