| | e-texts navigator
|
215a1 པ་འོངས་པ་མཐོང་ནས།གལ་ཏེ་ལངས་པར་གྱུར་ན་སྐབས་ཕྱེ་བས་ཡང་བཟད་པར་བྱ་སྟེ།སྟན་གཅིག་པ་ཉིད་འཇིག་པར་མི་འགྱུར་རོ།།ཟས་ཆོག་པ་བ
215a2 ཉིད་དང་།ཟས་ཕྱིས་མི་ལེན་པ་ཉིད་ལ་ནི་སྐབས་ཕྱེ་བ་མེད་དོ།།དགོན་པ་པོ་ཉིད་ཀྱི་སྐབས་བྱ་བ་ནི་བསྙེན་པར་རྫོགས་པར་ལས་ཀྱི་ཆེད་དམ།ལྟུང་བ་ལས་བསླང་བའི་ཆེད་དམ།
215a3 ཆོས་མཉན་པའི་ཚོད་དམ།གསོ་སྦྱོང་ངམ།དགོག་དབྱེ་འམ།ན་བ་འམ།ནུད་པའི་བྱ་བ་འམ།མངོན་པར་མི་ཤེས་པའི་མདོ་ཀུན་ཆུབ་པར་བྱ་བ་འམ།གཞན་ཡང་དེ་ལྟ
215a4 བུའི་རྐྱེན་ཡོད་ན་སྐབས་ཕྱེ་བས་གྲོང་མཐར་གནས་པར་བྱ་སྟེ།དགོན་པ་པ་ཉིད་འཇིག་པར་མི་འགྱུར་རོ།།ཤིང་དྲུང་པ་ཉིད་སྐབས་ཕྱེ་བ་ནི་རྐྱེན་དེ་ལྟ་བུ་འམ།ཁྱིམ་དུ་ཞུགས
215a5 པ་ལས་ཆང་གྱིས་ནོན་ན།དེ་ཉིད་དུ་སྐྱ་རེངས་ཤར་ཡང་ཤིང་དྲུང་པ་ཉིད་ཉམས་པར་མི་འགྱུར་རོ།།དགོན་པ་པའི་སྐབས་ཕྱེ་བ་ཇི་སྙེད་པ་ནི་ཤིང་དྲུང་པོ་ཉིད་དང་།བླ་གབ་མེད་པ་ཉིད།།
215a6 དང་།དུར་ཁྲོད་པ་ཉིད་ལའང་བལྔ་པར་བྱའོ།།གཞི་ཇི་བཞིན་པ་ཉིད་ཀྱི་སྐབས་ཕྱེ་བས་ནི་རྐྱེན་དེ་ལྟ་བུ་ཡོད་ལ་གཞན་གྱིས་གནས་མལ་རྙེད་ན་རྗེས་སུ་གནང་ངོ་།།ཅོག་པུ་པ
215a7 ལ་ནི་སྐབས་ཕྱེ་བ་མེད་དོ།།ཁ་ཅིག་ན་རེ་སྣའི་དབྱར་བྱེད་ན་སྐབས་ཕྱེ་བར་བྱ་སྟེ།ཙོ་ག་པུ་པ་ཉིད་ཉམས་པར་མི་འགྱུར་རོ་ཞེས་ཟེར་རོ།།སྦྱངས་པའི་ཡོན་ཏན་བཅུ་གསུམ
iiif viewer powered by OpenSeadragon
214b - 215b