| | e-texts navigator
|
214b1 གནས་མལ་སྲུང་བའི་ཕྱིར་གདིངས་པ་དང་།སྟོང་དུ་གདིངས་པ་དང་།ནད་གྱི་རྐྱེན་གཡན་པ་དགབ་པ་དང་།གདོད་ཕྱིས་ཀྱི་གོས་དང་།དབྱར་གྱི་རས་ཆེན་དང་།གཞན་གྱི་རུང་བ་བཅོལ་བ་སླབས
214b2 ཕྱེ་བས་གླང་བར་བྱ་སྟེ།ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ།།བསོད་སྙོམས་པ་ཉིད་ཀྱི་སྐབས་བྱ་བ་ནི་བསྐོས་པའི་ཟོས་དང་།ཚུལ་ཤིང་གི་ཟས་དང་།ཟླ་བ་བྱེད་པའི་ཟས
214b3 དང་།གྲསོ་སྦྱོང་བ་དང་།དགེ་འདུན་གྱི་ཟས་དང་།གཙུག་ལག་ཁང་གི་ཟས་སྐབས་ཕྱེ་བས་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ།བསོད་སྙོམས་པ་ཉིད་འཇིག་པར་མི་འགྱུར་རོ།།འོན་ཀྱང
214b4 ཉེས་དམིགས་སུ་ལྟ་བས་ནི་ཡོངས་སུ་ལོངས་སྤྱད་པར་བྱའོ།།མཐར་ཆགས་སུ་རྒྱུ་བོ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁྱིམ་གྱི་སྒོན་གླང་པོ་ཆེ་དང་།རྟའམ།ཁྱུ་མཆོག་གམ།ཁྱི་འམ།འཐབ
214b5 པའམ།ངོ་ཚ་བར་འགྱུར་བ་དེ་ལྟ་བུ་གཞན་མཐོང་ནས་ཐོད་རྒལ་དུ་རྒྱ་བ་དང་།ཟོས་བཟར་མི་རུང་བའི་ཁྱིམ་མོམ།ལྷུང་བཟེད་ཁ་སྤུག་པ་འམ།སློང་བར་གྲགས་པའི་ཁྱིམ་རྒལ་ནས
214b6 རྒྱུ་བ་དང་།སློབ་དཔོན་ནམ།མཁན་པོའམ།གློ་བུར་པ་འམ།ལྷན་ཅིག་རྒྱུན་སྐབས་ཕྱེ་བས་ཐོད་རྒལ་དུའང་རྒྱུ་བར་བྱ་སྟེ།མཐར་ཆགས་སུ་རྒྱུ་བ་ཉིད་ཉམས་པར་མི་འགྱུར་རོ།།
214b7 སྟོན་གཅིག་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཟས་ཟ་བ་ན་གླང་པོ་ཆེ་འམ།རྟ་འམ།ཁྱུ་མཆོག་གམ།སྦྲུལ་ལམ།ཐོག་འབབ་པ་འམ།མཁན་པ་འམ།སློབ་དཔོན་ནམ།གློ་བུར
iiif viewer powered by OpenSeadragon
214a - 215a