e-texts navigator
Collection
Volume
Page
Wylie

214a1 ཀྱང་མཐོང་།ཅོག་པུ་པ་ཉིད་ཀྱི་ཡོན་ཏཱན་དག་ཀྱང་མཐོང་ནས་འདི་སྐད་ཅེས།དེང་སླན་ཆད་ཉལ་བ་སྤོང་སྟེ།ཅོག་པུ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས
214a2 ཡང་དག་པར་ལེན་ཏོ།།དེ་ལ་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ།ལེ་ལོའི་གཞི་ཡོངས་སུ་སྤོང་བ་དང་།ལུས་ལ་ཆགས་པ་དང་སེར་སྣ་ཡོངས་སུ་སྤོང་བ་དང་།
214a3 འབྲས་པའི་བདེ་བ་ལ་མ་ཆགས་པ་དང་།བཙལ་བ་ཉུང་བ་དང་།གཉིད་ཆུང་བ་དང་།རྣལ་འབྱོར་དང་།མཐུན་པ་དང་།ལུས་ཀྱི་གནས་རྨྱི་སྐྱེ་བ་དང་།སྐྱེས་བུ་དམ
214a4 པའི་སྤྱོད་པ་ཉིད་དང་།ཡོ་བྱད་བསྐྱངས་པའི་ཚུལ་ཅན་ཏེ།དེ་ལྟ་བུ་ལ་སོགས་པ་ནི་ཅོག་པུ་པ་ཉིད་ཀྱི་ཡོན་ཏྲན་དག་ཡིན་ནོ།།ཅོག་པུ་པ་ནི་གང་ཡིན།།གང་གིསོ་ནི་ཅོག
214a5 པུ་པ་ཉིད་འདི་འཇིག་ཅེ་ན་ཙོག་པུ་པོ་ནི་ཉལ་བ་སྤོང་བ་ཡིན་ནོ།།ཉལ་བ་ཁྱས་ལེན་པས་ནི་ཙོག་པུ་པ་ཉིད་འཇིག་གོ།དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཕྱག་དར
214a6 ཁྲོད་པ་ནར་མར་སྤྱོད་པ་ལ་གལ་ཏེ་ཁྱིམ་བདག་དག་གིས་ཆོས་གོས་གསོརས་སམ།རས་བལ་གྱི་རས་སམ།མོན་དར་ར་མོ།ལ་བེ་དག་བྱིན་པར་གྱུར་ན་སྐབས་ཕྱེ་བས
214a7 བླང་བར་བྱ་སྟེ།ཕྱོག་དར་ཁྲོད་པ་ཉིད་ཉམས་པར་མི་འགྱུར་རོ།།ཆོས་གོས་གསུམ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁ་བཀང་བའི་རེ་བ་ཡོད་ན་གོས་ལྷག་ཞག་བཅུར་འཆང་བ་དང་།




iiif viewer powered by OpenSeadragon

213b - 214b

Texts on this page

N291 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba