| | e-texts navigator
|
200a1 སྡེའུའོ།།འདི་དག་ནི་རྒྱ་སྲན་ནོ།།འདི་དག་ནི་འབྲས་ནི་སླུ་བའོ།།འདི་དག་ནི་སྲན་ཆུང་ངོ་།།འདི་དག་ནི་མོན་སྲན་ནི་གུའོ།།འདི་དག་ནི་ཏིལ་ལོ།།འདི་དག་ནི་འདྲས
200a2 དྲུས་པའོ།།འདི་དག་ནི་ཉུངས་དཀར་རོ་ཞེས་བྱ་བར་ཤེས་སོ།།དགེ་སློང་དག་དེ་བཞིན་དུ་དགོན་པ་ནི་འདུག་ཀྱང་རུང་།ཤིང་དྲུང་ན་འདུག་ཀྱང་རུང་།།ཁང་སྟོང་ན་འདུག་ཀྱང་སྟེ།ལུས
200a3 འདི་ཉིད་ལ་འོག་གི་རྐང་མིཐིལ་ཡན་ཆད་སྒྲ་དང་།གླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམས་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་ཅེས་གསུངས་སོ
200a4 དཔས་བྱིན་གྱི་ཞུས་པའི་མདོ་ལས་ཀྱང་།།འདི་ལ་བྱང་ཆུབ་སེམས་དཔའ་ལུས་འདི་ཐོག་མའི་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ།།ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་འབྱུང་སྟེ།
200a5 ལུས་འདི་ལ་ཁ་ཆུ་དང་།ཁྲག་ནི་ལུས་ཀྱི་ཐོག་མིའི་རྒྱུ་ཡིན་ནོ།།ཐ་མའི་རྒྱུ་ནི་ཟས་འདུ་བ་ལ་སོག་པ་སྟེ།ཁམ་གྱིས་བཟང་བ་ཟས་ཟོས་མ་ཐག་ཏུ་བད་ཀན་གྱི་གནས་སུ་འགྲོའོ།།
200a6 བད་ཀུན་གྱི་གནས་སུ་ཕྱིན་ནས།བད་ཀན་གྱིས་རྒྱུད་རྐྱང་པོར་བྱས་ཏེ།ཤིན་ཏུ་མི་གཙང་བར་འགྱུར་རོ།།དེའི་འོག་ཏུ་མཁྲིས་པའི་གནས་སུ་འགྲོ་སྟེ།མཁྲིས་པའི་གནས་སུ་ཕྱིན་ན།
200a7 ཞུ་ཞིང་སྐྱུར་པོར་གྱུར་ཏེ།རླུང་གི་གནས་སུ་འགྲོའོ།།ཞུ་སྟེ་རླུང་གི་གནས་སུ་ཕྱིན་ནས་རླུང་གིས་ཚིགས་མ་ལོགས་ཤིག།དེངས་མ་ལོགས་ཤིན་ཏུ་རྣམ་པར་འབྱེད་དེ་ཚིགས་མོ་ལས
iiif viewer powered by OpenSeadragon
199b - 200b