e-texts navigator
Collection
Volume
Page
Wylie

199b1 དགྲས་པ་དང་།ཤ་དང་།རུས་པ་དང་།རྒྱུས་པ་དང་།རྩ་དང་།མཁལ་མ་དང་།སྙིང་དང་།གློ་བ་དང་།མཆིན་པ་དང་།ཕོ་བ་དང་།ལང་ཀ་དང་།སྒྱུ་མ་དང་།
199b2 གཉེ་མ་དང་།ལྒང་པ་དང་།སུལ་མངས་དང་།མཚར་བ་དང་།ཕྱི་ས་དང་།མཆིལ་མ་དང་།རྡུལ་དང་།ངར་སྣབས་དང་།མཆི་མ་དང་།ཞག་དང་།ཆུ
199b3 སེར་དང་།རྐང་དང་།ཚིལ་དང་།རྣག་དང་།བད་ཀནྡ་དང་།མཁྲིས་པ་དང་།ཁྲག་དང་།གླད་པ་དང་།གླད་རྒྱུས་དང་།གཅིན་དང་།མིག་རྡུལ་དང་།རྣ་སྤབས
199b4 དང་།སེན་མོའི་དྲི་མ་དང་།ལྕེའི་དྲི་མ་དག་ཡོད་དེ།མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ།དགེ་སློང་དག་འདི་ལྟ་སྟེ
199b5 དཔེར་ན།།འབྲས་སཱ་ལུ་དང་།འབྲུ་དང་།ནས་དང་།གྲོ་དང་།མོན་སྲནི་གྲེའུ་དང་།མོན་སྲན་སྡེའུ་དང་།རྒྱ་སྲན་དང་།འབྲས་ནི་སྦ་བ་དང་།སྲན་ཆུང་དང་།
199b6 མོན་སྨན་ནེ་གུ་དང་།ཉུངས་དཀར་དང་།འབྲུ་རྣམས་པ་སྣ་ཚོགས་ཀྱིས་གང་བའི་སྦྱང་བ་ཞིག་ཁ་ཕྱེ་བ་དེ་ལ་མྱིག་དང་ལྗོན་པའི་མི་ཞིག་གིས་བླུགས་ནས་སོ་སོར་རྟོག་སྟེ།
199b7 སོ་སོར་བརྟགས་ན་འདི་དག་ནི་འབྲས་སྣ་ལུའོ།།འདི་དག་ནི་འབྲུའོ།།འདི་དག་ནི་ནས་སོ།།འདི་དག་ནི་གྲོའོ།།འདི་དག་ནི་མོན་སྲན་གྲེའུའོ།།འདི་དག་ནི་མིན་སྲན




iiif viewer powered by OpenSeadragon

199a - 200a

Texts on this page

N291 - rnam par grol ba'i lam las sbyangs pa'i yon tan bstan pa zhes bya ba