| | e-texts navigator
|
199a1 རྒྱ་གར་སྐད་དུ།བི་མུག་ཏ་མཱ་ར་ག་དྷུ་ཏ་གུ་ཎ་ནིར་དེ་ཤུ་ནཱ་མ།བོད་སྐད་དུ།རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ།
199a2 བདེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།དེ་ནས་དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པོའི་རྣལ་འབྱོར་པ་སྤྱོད་པ་སྒྲུབ་པར་འདོད་པ།ཡོན་ཏན་དོན་དུ་གཉེར་བས
199a3 སྦྱསྤངས་པའི་ཡོན་ཏན་ཡང་དགེ་པར་བླངས་ཏེ་འཇུག་པར་བྱའོ།།རྣལ་འབྱོར་སྤྱོད་པ་སྤངས་པའི་ཡོན་ཏན་ཡང་དག་པར་བླངས་པ་ནི་རྣམ་གྲངས་དུ་མས་ཡོངས་སུ་རྟོག་པའི་རང་བཞིན
199a4 ཅོན་དེ་འདི་སྙམ་དུ་གང་དག་བྱིས་པ་བླུན་པོ་མི་གསལ་བ།མི་མཁས་པ་དེའང་དངོས་པོ་འདི་དག་ཤེས་ན་འདོད་ཆགས་ཀྱི་སེམས་མི་སྐྱེད་ན་ཤེས་རབ་དང་ལྡན་པའི་རང་བཞིན་ཅན
199a5 སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་སོ་ཞེས་ཇི་སྐད་གང་ངས་བཤད་པ་ལྟ་བུའོ།།དོན་རྣམ་པར་ངེས་པའི་མདོ་ལས་ཀྱང་འབྱུང་སྟེ།དགེ་སློང་དག་འདི་ལ་དགེ་སློང་དག་དགོན
199a6 པ་ན་འདུག་ཀྱང་རུང་།ཤིང་དྲུང་ན་འདུག་ཀྱང་རུང་།ཁང་སྟོང་ན་འདུག་ཀྱང་རུང་སྟེ།ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང་།གླད་པ་ལ་ཐུག་གི་བར་དུ་མི
199a7 གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་སྟེ་ལུས་འདི་ལ་ཡོད་པ་སྒྲ་དང་།སྤུ་དང་།སེན་མོ་དང་།སོ་དང་།རྡུལ་དང་།དྲི་མ་དང་།
iiif viewer powered by OpenSeadragon
198b - 199b