| | e-texts navigator
|
197b1 བས་སྙིང་བརྩེ་བ་འདིས་ཁྱེད་ཅག་རྣམས་ཀྱིས་འདི་ལྟར་བྱ་སྟེ།དགེ་སློང་དག་དགོན་པ་དང་།ཤིང་དྲུང་དང་།ཁང་སྟོང་དང་།རི་ཁྲོད་དང་།རི་ཕུག་དང་།པ་ལ་པུན་ཛཱ་བྷ་བ་ཀཱ་ཤ
197b2 དང་།དུར་ཁྲོད་དང་།ནགས་མང་བ་དང་།བས་མཐའི་གནས་མལ་དུ་གནས་ཏེ་འདི་དག་ངེས་པར་བསམ་པར་བྱའོ།།དགེ་སློང་དགེ་བག་ཡོད་པར་གྱིས་ཤིག།ཅི་ནས་ཀྱང་ཕྱིས
197b3 འགྱོད་པར་འགྱུར་བ་དེ་ལྟར་མ་བྱེད་ཅིག།འདི་ནི་ངའི་རྗེས་སུ་བསྟན་པའོ།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན
197b4 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།ལྟུང་བ་སྡེ་ལྔའི་དགེ་བ་དང་།མི་དགེ་བའི་འབྲས་བུ་བརྟག་པའི་མདོ་རྫོགས་སོ།།
197b5 རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཛྙཱ་ན་ཤྲི་གུབ་ཏ་དང་།བོད་ཀྱི་ལོ་ཙྪ་པ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།།།།སངས་རྒྱས
197b6 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅི་ག་ན།།བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ།རྒྱལ་པོའི
197b7 ཁབ་ནིན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར་དབྱར་གནས་པར་དམ་བཅས་ཏེ་བཞུགས་སོ།།དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།དགེ་སློང་དག་འདི་གསུམ
iiif viewer powered by OpenSeadragon
197a - 198a