| | e-texts navigator
|
196a1 དག་སྦོམ་པོའི་ཆོས་གང་དག་མི་སྲུང་བ་དང་།མི་སྦེད་པ་དང་།ཡོངས་སུ་མི་སྐྱོང་བ་དང་།དེ་དག་ལས་འདར་བར་བྱེད་པ་དང་།འདས་པ་དེ་དག་མི
196a2 སྟོན་པ་དང་།རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེ་བར་འགྱུར་ཏོ།དེ་དག་དེར་ཡང་སྡུག་བསྔལ་ཤིན་ཏུ་དྲག་པ་དང་།རྩུབ་པ་དང་།།
196a3 ཚ་བ་དང་།ཡིད་དུ་མི་འོང་བའི་ཚར་བ་མྱང་བར་འགྱུར་རོ།།སྦོམ་པོའི་ལྡན་པ་བརྟག་པའོ།།དགེ་སློང་དག་ཛམྦུའི་གླིང་པའི་མི་རྣམས་ཀྱི་ལོ་བརྒྱད་བཅུ་གང་ཡིན་པ་དེ་ནི
196a4 འཕྲུལ་དགའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ།།ཟླ་བ་བཅུ་གཉིས་ལེ་ལོ་གཅིག་ཏུ་རྩིས་པའི་ལོ་བརྒྱད་སྟོང་ནི་འཕྲུལ་དགའི་ལྷ་རྣམ
196a5 ཀྱི་ཚེའི་ཚད་དོ།།དགེ་སློང་དག་ལྷག་མའི་ཆོས་གང་དག་སྲུང་བ་དང་།སྦེད་པ་དང་།ཡོངསུ་སྐྱོང་བ་དང་།འདའ་བར་མི་བྱེད་པ་དང་།དེ་དག་ལས་འདས་པ་སྟོན་པ་དང་།།
196a6 རབ་ཏུ་སྟོན་པ་དེ་ནི་ལུས་ཞིག་ནས་བདི་འགྲོ་འཕྲུལ་དགའི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཏེ།དེ་དག་དོར་ཡང་ལྷའི་ཚེ་དང་།ལྷའི་ཁ་དོག་དང་།ལྷའི་སྟོབས་དང་།ལྷའི
196a7 བདེན་པ་དང་།བྷའི་དབང་ཕྱུགས་དང་བྱེད་ཅིང་ལྷའི་གཟུགས་དང་།སྨསྒྲ་དང་།དྲི་དང་།ར་དང་།རེག་བྱ་དང་།ལྷའི་གཡོག་འཁར་དང་ལྡན་པར་འགྱུར་རོ།།དགེ།
iiif viewer powered by OpenSeadragon
195b - 196b