e-texts navigator
Collection
Volume
Page
Wylie

194a1 སྐྱེ་བར་འགྱུར་ཏེ།དེ་དག་དེར་ཡང་ལྷའི་ཚེ་དང་།ལྷའི་ཁ་དོག་དང་།བྷའི་སྟོབས་དང་།ལྷའི་བདེ་བ་དང་།ལྷའི་དབང་ཕྱུག་ལ་དབང་བྱེད་ཅིང་ལྷར
194a2 གཟུགས་དང་།སྒྲ་དང་།དྲི་དང་།རོ་དང་།རེག་བྱ་དང་།ལྷའི་གཡོག་འཁོར་དང་ལྡན་པར་འགྱུར་རོ།།དགེ་སློང་དག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལོ་ལྔ་བརྒྱ་གང
194a3 ཡིན་པ་དེ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ།།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག།ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ
194a4 ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་དོ།།དགེ་སློང་དག་བསླབ་པའི་ཆོས་གང་དག་མི་སྲུང་བ་དང་།མི་སྦེད་པ་དང་།ཡོངས་སུ་མི་སྐྱོང་བ་དང་།དེ་དག་ལས་འདའ་བར་བྱེད་པ
194a5 དང་།འདས་པ་དེ་དག་མི་སྟོན་པ་དང་།རབ་ཏུ་མི་སྟོན་པ་དེ་ནི་ལུས་ཞིག་ནས་ཤི་བའི་འོག་ཏུ་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་ཏེ།དེ་དག་དེར་ཡང་སྡུག་བསྔལ
194a6 དྲག་པ་དང་།རྩུབ་པ་དང་།ཚ་བ་དང་།ཡིད་དུ་མི་འོང་ངའི་ཚོར་བ་མྱོང་བར་འགྱུར་རོ།།དགེ་སློང་དག་ཛམྦུའི་གླིང་བའོ་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ
194a7 གསུམ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིང་།།ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་རྩིས་པའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི




iiif viewer powered by OpenSeadragon

193b - 194b

Texts on this page

N289 - ltung ba sde lnga'i dge ba dang mi dge ba'i 'bras bu brtag pa'i mdo