| | e-texts navigator
|
193b1 །།སྲོག་ནི་རྒྱུ་བུར་འདྲ་བ་ཡིན།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད།།
193b2 ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་རྫོགས་སོ།།རྒྱ་གར་སྐད་དུ།པཉྩ་པརྟྟི་ནི་ཀཱ་ཡ་ཤཱུ་བྷཱུ་ཤྲཱ་བྷཱ་ཕལ་པ་རིཀྵ་སཱུ་ཏྲ།
193b3 བོད་སྐད་དུ།ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྟག་པའི་མདོ།།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅབ་ཕྱག་འཚལ་ལོ།།འདི་སྐད་བདག་གོས་ཐོས
193b4 པ་དུས་ན།བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ
193b5 སྩལ་པ།དགེ་སློང་དག་ཛམྦུའི་གླིང་པའི་མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཚོན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག།
193b6 ཟླ་བ་བཅུ་གཉིས་ལེ་ལོ་གཅིག་ཏུ་རྩིས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷོ་རྣམས་ཀྱི་ཚེའི་ཚད་དོ།།དགེ་སློང་དག་བསླབ་པའི་ཆོས་གང་དག་བསྲུང་བ་དང་།སྤོང་བ་དང་།
193b7 ཡོངས་སུ་སྐྱོང་བ་དང་།འདའ་བར་མི་བྱེད་པ་དང་།དེ་དག་ལས་འདས་པ་སྟོན་པ་དང་།རབ་ཏུ་སྟོན་པ་ནི་ལུས་ཞིག་ནས་བདེ་འགྲོ་རྒྱལ་ཆེན་བཞིའི་པའི་རིས་ཀྱི་ལྷ་རྣམས་སུ
iiif viewer powered by OpenSeadragon
193a - 194a