e-texts navigator
Collection
Volume
Page
Wylie

189b1 བདོ་བ་དང་།ལོ་ལེགས་པ་དང་།སྐྱེ་བོ་དང་།མི་མང་པོས་གང་པ།འཐབ་པ་དང་།ཐབ་མོ་དང་།རྩོད་པ་དང་།འགྱེད་པ་དང་།ཆོམ་རྐུན་མེད་ཅིང་།ནད་རབ་ཏུ་ཞི་བར་གྱུར།།
189b2 པ།འབྲས་དང་།བུ་རམ་ཤིང་གི་ཕྲེང་པོ་དང་།བ་ལང་དང་།མ་ཧེ་ཕུན་སུམ་ཚོགས་པ་ན།བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དེ།།དེ་དུས་གཞན་ཞིགན
189b3 བཙུན་མོ་སྒྱུ་འཕྲུལ་ཆེན་པོ་དང་ལྡན་ཅིག་སྟེང་གི་ཁང་བཟངས་ཀྱི་གནི་སྐྱེས་པ་མེད་པར་དེང་ནསརོལ་མོས་རྩེ་བར་བྱེད།དགའ་བར་བྱེད།དགའ་མགུར་སྤྱོད་པར་བྱེད་དོ།།
189b4 ནི་ཆོས་ཉིད་ཡིན་ཏེ།བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནསོ་ན་བཞུགས་པ་ན་འཇིག་རྟེན་ལ་གཟིགས་པ་ལྔས་གཟིགས་པར་མཛོད་དོ།།རིགས་ལ་གཟིགས་པ་དང་།ཡུལ
189b5 ལ་གཟིགས་པ་དང་།དུས་ལ་གཟིགས་པ་དང་།རྒྱུད་ལ་གཟིགས་པ་དང་།བུད་མེད་ལ་གཟིགས་པ་སྟེ།རྒྱ་ཆེར་མདོ་སྔ་མ་དང་སྦྱར་རོ།།མངོན་པར་འབྱུང་བའི་མདོ་རྫོག་སོ།།།
189b6 རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་དྷརྨ་ཤྲཱི་བྷ་དྲ་དང་།ཞུ་ཚོན་གྱི་ལ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏོ་གཏན་ལ་ཕབ་པའོ།།།།རྒྱ
189b7 གར་སྐད་དུ།བྷིཀྵ་པྲ་རེ་ཛུ་སྭཱ་ཏྲ་མཾ།བོད་སྐད་དུ།དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱབ།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།འདི་སྐད་བདག་གིས་ཐོས་པ




iiif viewer powered by OpenSeadragon

189a - 190a

Texts on this page

N286 - mngon par 'byung ba'i mdo
N287 - dge slong la rab tu gces pa'i mdo zhes bya ba