e-texts navigator
Collection
Volume
Page
Wylie

189a1 བསླངས་པའི་དམ་དྲོ་སྦྱིན་པ་བལྟན་གཏང་ངོ་།།དེ་རྣམས་ཀྱིས་སྨྲས་པ།ལྟ་བཀའ་བཞིན་འཚལ་སྤྲུལ་པར་བགྱིའོ།།རྒྱལ་པོས་དཔུང་གི་ཚོགས་ཡན་ལག་པཞི།།
189a2 པ་གཞོན་ནུ་ཟས་གཙང་ལ་བསྔོ་ནས་དེས་རོ་ཁྲིད་པ་དེ་རྣམས་བཅོམ།རབ་ཏུ་བཙེམི་སྟེ་རྨེག་བཏའོ།།དེ་ནས་ཤཱཀྱ་རྣམས་མགུ་ནས་རྒྱལ་པོ་སེང་གེ་འགྲམ་གྱི་དྲུང་དུ་དོང་སྟེ་ལྷ་གཞོན
189a3 ནུས་རི་ཁྲོད་ལྔ་རྣམས་བཅོམ་རབ་ཏུ་བཅོམ་སྟེ་རྨེག་བཏལ་ལགས་པས་བདག་ཅག་གློ་བ་དགའ་ན།གཞོན་ནུ་མཆོག་ཅི་བཞེད་གསུངས་ཤིག་དབུལ་ལོ།།ཤེས་ལྡན་དག་ཤཱཀྱ་རྣམས
189a4 ཀྱི་ཁྲིམས་སུ་བཅས་པ་སུས་ཀྱང་མཉམ་པ་ལས་ཆུ་ན་མ་གཞག་པར་མི་བྱའོ་ཞེས་བཅས་སོ།།ལྷ་ཅི་ཁྲིམས་འདྲ་ལ་ལམ།དེས་སྨྲས་པ།ལྷག་པར་ཤིན་ཏུ་བསྡམ་གྱི་དྲལ་བར
189a5 མི་བྱིན།འོན་ཀྱང་གཞན་ནུའི་དམ་པ་གཅིག་སློང་བ་ནི་མཉམ་པ་ལས་ཆུན་མ་བླང་བ་ཡིན་ནོ།།ལྷ་རུང་གིས་དེ་བཞིན་དུ་མཛོད་ཅིག།དེ་ནས་སེང་གེ་འགྲམ་གྱིས་ལེགས་པར་རབ
189a6 སོད་ལ་ཕོ་ཉ་བཏང་ནས།ཁོ་བོས་ཚོགས་བརྟགས་ཟིན་གྱིས་བུ་མོ་གཙོག་ཤེས་ཀྱང་བཀྲི་ཤིག།དེས་དེའང་འཁོར་ལྔ་བརྒྱ་དང་བཀྲི་སྟེ།གཞོན་ནུ་ཟས་གཙང་གིས་གཉིས
189a7 གབླངས་སོ།།ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་སེང་གེ་འགྲམ་ཤི་ནས།སེར་སྐྱའི་གཞིན་རྒྱལ་པོ་ཟས་གཙང་རྒྱལ་སྲིད་བྱེད་དུ་བཅུག་སྟེ།འབྱོར་པ་དང་།རྒྱས་པ་དང་།




iiif viewer powered by OpenSeadragon

188b - 189b

Texts on this page

N286 - mngon par 'byung ba'i mdo