| | e-texts navigator
|
187b1 བཟང་བ།ལྷན་སྡུག་པ།མཛེས་པ།ཡན་ལག་དང་།ཧིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཅསོ།།བཅས་པ་དྨའི་གཟུགས་བཟང་པོས་རྒྱལ་པོ་ལེགས་པར་རབྱ་སད་བཙུན་མོའི་ལ་ཌཱུར།།
187b2 དང་བཅས་པ་དང་ལྕེས་བསྟན་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་མཆོག་ཏུ་ངོ་མཚར་སྐྱེས་ཏེ།ཐེ་ཚོམ་དུ་གྱུར་ནས་ཅི་འདྲི་བུ་མོ་ཡིན་ནམ།འོན་ཏེ་ལས་སྣ་ཚོགས་པས་སྤྲུལ་པའི
187b3 སྒྱུ་འཕྲུལ་ཡིན་སྙམ་མོ།།དེའི་བཅས་པའི་བཙས་སྟོན་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་རྒྱ་ཆེར་བྱས་ནས་བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ།།བློན་པོ
187b4 རྣམས་ཀྱིས་སྨྲས་པ།ལྷས་བསྟན་གནས་པའི་སྐྱེ་བོའི་ཚོགས་ལམ་པོ་ཆེ་དང་།ཚོང་འདུས་དང་།སུམ་མདོ་དང་།བཞི་མདོ་རྣམས་སུ་གླེང་བ་ཁ་ཅིག་གི་མཆིད་ནས་ནི
187b5 འདི་བུ་མོ་ཁོ་ན་ལགས་ཏེ།སྔོན་གྱི་ལས་ཀྱི་རྣམ་པོར་སྨིན་པས་གཟུགས་བཟང་ཞིང་ཁ་དོག་ཕུན་སུམ་ཚོགས་པར་གྱུར་ཏོ་ཞེས་མཆིའོ།།གཞན་དག་གི་མཆིད་ནས་ནི་འདི་བུ་མེ།
187b6 མ་ལགས་ཀྱི་འོ་ན་ཅི་ཞེ་ན་ལས་སྣ་ཚོགས་པས་སྤྲུལ་པའི་སྒྱུ་འཕྲུལ་ལགས་སོ་ཞེས་མཆི་ལགས་པས།དེ་བས་ནརྀ་བུ་མེའི་མིང་སྒྱུ་འཕྲུལ་ཞེས་བགྱི་བར་བདགས་སོ་ཞེས་བཏགས
187b7 སོ།བུ་མོ་སྒྱུ་འཕྲུལ་མ་མ་བརྒྱད་ལ་རྗེས་སུ་གཏ་ད་དེ་ཞེ་ས་བྱ་བ་ནས་ཆེན་མོར་གྱུར་ཏོ་ཞེས་བྱ་བའི་བར་མ་གོང་མ་བཞིན་དུའོ།།དེ་ལ་མཚན་མཁན་རྣམས་ཀྱིས་ལུང
iiif viewer powered by OpenSeadragon
187a - 188a