e-texts navigator
Collection
Volume
Page
Wylie

187a1 ཆུ་ཕུན་སུམ་ཚོགས་པ་དང་།བྱ་སྣ་ཚོགས་སྐད་འབྱིན་པས་དེའི་ཀུན་དགའ་ར་བྱ་དགའ་དགའ་ལྟར་འདུག་པ་དེར་རྒྱལ་པོ་དུས་དུས་སུ་བཙུན་མོའི་འཁོར་དང་ལྷན་ཅིག་ལྷགས།
187a2 ནས་དེ་ན་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་དོ།།ལུ་མི་བེ་ནིས་དེ་མཐོང་ནས་འདོད་པ་སྐྱེས་དེ།དེས་སྨྲས་པ།ལྷོ་ཀུན་དགའ་ར་བ་འདི་བདག་ལ་སྩལ་དུ་གསོལ།རྒྱལ
187a3 པོས་སྨྲས་པ།ད་ཀུན་དགའ་ར་བ་འདི་ཁྱིམ་བདག་གི་ཡིན་ན་ཇི་ལྟར་སྦྱིན།གལ་ཏེ་ཁྱོད་ལ་ཀུན་དགའ་རོ་བ་དགོས་ན་ཁྱོད་ཀྱིས་ཕྱིར་དེ་བས་ལྷག་པར་བཟུང་བ་གཞན་ཞིག་བྱའོ།།དེ་ནས་རྒྱལ
187a4 པོ་ལོགས་པར་རབ་སད་ཀྱིས་ལུམ་བི་ནཱིའི་ཆེད་དུ་དེ་བས་ཁྱད་པར་དུ་འཕགས་པའི་ཀུན་དགའ་ར་བ་ཞིག་བྱེད་དུ་བཅུག་ནས།དེའི་མིང་ལུམ་བི་ནཱའི་ཚིལ་ཞེས་བྱ་བར་གྱུར་ཏོ།།རྒྱལ་པོ
187a5 སེང་གེ་འགྲམ་ལ་ཡུན་རིང་པོ་ནས་ཀྱེ་མེའོ་བདག་གི་རྒྱུད་ལ་འཁོར་ལོས་སྒྱུར་བར་སྐྱེ་བར་གྱུར་ཀྱང་ཅི་མུ་རུང་སྙམ་པའི་བསམ་པ་འདི་ཡོད་དོ།།རྒྱལ་པོ་ལྕོགས་པར་རབ་སད་ལོ་ཡང
187a6 ཡུན་རིང་པོ་ནས་ཀྱེ་མའིའོ་བདག་ནི་སེང་གེ་འགྲམ་དང་ལྷན་ཅིག་གཉེན་དུ་གྱུར་ཀྱང་ཅི་མ་རུང་སྙམ་པའི་བསམ་པ་འདི་ཡོད་དོ།།ཇི་ཙམ་དུ་དུས་གཞན་ཞིག་ན་དེའི་བཙུན་མོ་དང་སྟན
187a7 རྩི་བར་བྱེད།དགའ་བར་བྱེད།དགའ་དགུར་སྤྱོད་པ་ལས་དུས་གཞན་ཞིག་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ནས།དེ་ཟླ་བ་བརྒྱ་དམ་དགུ་འདས་པ་ན་བུ་མོ་གཟུགས




iiif viewer powered by OpenSeadragon

186b - 187b

Texts on this page

N286 - mngon par 'byung ba'i mdo