| | e-texts navigator
|
186b1 སེར་སྐྱའི་གཞིན་རྒྱལ་པོ་སེང་གེ་འགྲམ་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ།འབྱོར་པ་དང་།རྒྱས་པ་དང་།བདེ་བ་དང་།ལོ་ལེགས་པ།སྐྱེ་བོ་དང་མི་མང་པོས་གང་བ།འཐབ་པ
186b2 དང་།ཐབ་མོ་དང་།རྩོད་པ་དང་།འགྱེད་པ་དང་།ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་གྱུར་པ།འབྲས་དང་།བུ་རམ་ཤིང་གི་ཕྲེང་བ་དང་།བ་ལང་དང་།མ་ཧེ་ཕུན་སུམ་ཆོག
186b3 པན་བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ།།གྲོང་ཁྱེར་ལྷས་བསྟན་དུ་རྒྱལ་པོ་ལེགས་པར་རབ་སད་ཅེས་བྱ་བ་རྒྱལ་སྲིད་བུདུ་འཇུག་སྟེ།འབྱོར་པ་དང་།རྒྱས་པ་དང་།
186b4 བདེ་བ་དང་།ལོ་ལེགས་པ་དང་།སྐྱེ་བོ་དང་མི་མདོ་པོས་གང་བ།འཐབ་པ་དོང་།ཐབ་མོ་དང་།རྩོད་པ་དང་།འགྱེད་པ་དང་།ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བར་བྱ་བར་གྱུར་པ།འབྲས་དང་།
186b5 བུ་རམ་ཤིང་གི་ཕྲེང་བ་དང་།བ་ལང་དང་།མ་ཧེ་ཕུན་སུམ་ཚོགས་པ་ན།བུ་གཅིག་པ་ལ་སྡུག་པ་བཞིན་དུ་རྒྱལ་སྲིད་སྐྱོང་བར་བྱེད་དོ།།རྒྱལ་པོ་ལེགས་པར་རབ་སད་ཀྱི་བཙུན་མ
186b6 དམ་པ་གཟུགས་བཟང་བ།ལྟ་ན་སྡུག་པ།།མཛེས་པ།ཡུལ་གྱི་བཟང་མེ་ལུ་མ་བི་ནའི་ཞེས་བྱ་བ་ཡོད་དོ།།ལྷ་སོ་བསྟན་ནི་ཁྱིམ་བདག་ཕྱུག་ཅིང་ནར་མང་ལ་ལོང་སྤྱོད་ཆེ་བ་ཡོ་སུ་བཟུང
186b7 བའདྲ་ཤིང་རྒྱ་ཆེས་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ།།རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེར་ཀུན་དགའ་ར་བ་མེ་ཏོག་ཕུན་སུམ་ཚོགས་པ་དང་།འབྲས་བུ་ཕུན་སུམ་ཚོགས་པ་དང་།
iiif viewer powered by OpenSeadragon
186a - 187a