e-texts navigator
Collection
Volume
Page
Wylie

186a1 ཚེ་དང་ལྡན་པ་མཽདྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།མོཏྤལ་གྱི་བུ་ལྕགས་སོ་ལེགས་སོ།།མཽདྒལ་གྱི་བུ་ཁྱོད་ཀྱིས་དགེ་སློང་རྣམས་ཀྱི་མདུན་དུ་ཤཱ
186a2 རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་ནས་ཆོས་ཀྱི་གཏམ་སྨྲས་པའོང་ཁྱོད་ལེགས་སོ།།མཽདྒལ་གྱི་བུ་ཡང་ཁྱོད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས
186a3 ཏེ་ཆོས་ཀྱི་གཏམ་རྟག་ཏུ་སྨྲོས་ཤིག་དང་།ངས་ནི་དེ་རྣམས་ལ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམ་ས་ལ་བཀའ་སྩལ་པ།།
186a4 དགེ་སློང་དག་ཁྱེད་ཀྱིས་ཤཱཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་ཆོངས་ཤིག།བཟུང་ཤིག་ལྟོན་ཤིག།དེ་ཅིའི་ཕྱིར་ཞེ་ན།དགེ་སློང་དག་ཤཱཀྱ་རྣམས་ཀྱི་སྔོན་གྱི
186a5 རིགས་རྒྱད་ལ་བརྩམས་པའི་ཆོས་ཀྱི་གཏམ་ནི་དོན་དང་ལྡན་པ་ཆོས་དང་ལྡན་པ་ནས་ཚངས་པར་སྤྱོད་པའི་བར་དང་ལྡན་པ་ཡིན་ཏེ།དགེ་སློང་དག་རིགས་ཀྱི་བུ་དད་པས་རབ་ཏུ་བྱུང
186a6 བས་ཤྲཱི་ཀྱ་རྣམས་ཀྱི་སྔོན་གྱི་རིགས་རྒྱུད་ལས་བརྩམས་པའི་ཆོས་ཀྱི་གཏམ་བཟུང་ཞིང་བཀླག་པའི་རིགས་སོ།།དེ་ནས་སར་སྐྱའི་གཞིའི་ཤཱཀྱ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས
186a7 པ་ལ་མངོན་པར་དགའ་སྟེ།རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱིས་སྤྱན་སྡེ་ནས་དོང་ངོ་།།དེའི་ཚེ་གྲོང་ཁྱེར




iiif viewer powered by OpenSeadragon

185b - 186b

Texts on this page

N286 - mngon par 'byung ba'i mdo