e-texts navigator
Collection
Volume
Page
Wylie

184b1 དགྲ་གང་གི་ཕྱིར་བདག་ཅག་སྐྱུགས་པ་ནི་རིག་མཉམ་པ་ལས་ཆུང་མ་མ་བླངས་པ་དེ་ལས་གྱུར་གྱིས་དེ་བས་ན་བདག་ཅག་ལས་སུས་ཀྱང་རིགས་མཉམ་པ་ལས་ཆུན་མ་བླང་བར་མི་བྱ་སྟེ་གཅིག
184b2 ཁོ་ནས་ཆོག་ཤེས་པར་བྱའོ།།དེ་རྣམས་རིགས་མཉམ་པ་གཅིག་ཁོ་ན་ལས་ཆུང་མ་ལེན་གྱི་ཆུན་མ་ནི་མི་ལེན་ཏོ།།དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་འཕགས་སྐྱེས་པ་བུ་སྡུག་པ
184b3 རྣམས་རྗེས་སུ་དྲན་ནས་བློན་པོ་རྣམས་ལ་སྨྲས་པ།ཀྱེ་གྲོང་པ་དེ་དག་གཞོན་ནུ་དེ་རྣམས་ད་ལྟར་གང་ན་འདུག་དེ་རྣམས་ཀྱིས་སྨྲས་པ།ལྷས་ནོངས་པ་འགའ་ཞིག་ལ་སྤྱུགས་པ་ལས
184b4 དེ་རྣམས་རང་རང་གི་སྲིང་མོ་ཁྲིད་དེ་འདི་ནས་མཆིས་པ་ན་གང་སེ་རི་དང་ཉེ་བ་ཆུ་བོ་སྐུལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བ་ཞིག་ཏུ་གནས་བཻཏབ་སྟེ་རང་རང
184b5 གི་སྲིང་མོ་སྤངས་ཏེ།མས་དབྱེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་རྩེ་བར་བགྱིད།དགའ་བར་བགྱིད།དགའ་དགུར་སྤྱོད་པར་བགྱིད་དོ།།དེ་རྣམས་རྩེ་བར་བགྱིད།དགའ་བར
184b6 བགྱིད།དགའ་དགུར་སྤྱོད་པར་བགྱིད་པ་ནི་བུ་ཕོ་དང་།བུ་མོ་དག་བཙས་སོ།།གྲོང་པ་དག་གཞོན་ནུ་རྣམས་ཀྱིས་དེ་ལྟར་བྱེད་ཕོད་དམ།ལྷ་རྡོ་ཐོགས་ལགས་སོ།།དེ་ནས་རྒྱལ
184b7 པོ་བུ་རམ་ཤིང་བ་འཕགས་སྐྱེས་པོས་རོ་སྟོད་བསྲང་ནས་ལག་པ་གཡས་པ་བརྐྱང་བ་སྟེ།ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ།ཀྱེ་མ་གཞོན་ནུ་རྣམས་ནི་ཕོད་པ་ཡིན་ནོ།།




iiif viewer powered by OpenSeadragon

184a - 185a

Texts on this page

N286 - mngon par 'byung ba'i mdo