e-texts navigator
Collection
Volume
Page
Wylie

184a1 བྱེད་པ་ན་བུ་པོ་དང་།བུ་མོ་དག་བཅས་ཏེ་དེ་རྣམས་ཆེན་པོར་གྱུར་པ་དང་།བསམ་གཏན་གྱི་ཚུར་མ་ནི་སྒྲ་ཡིན་པས་དྲང་སྲོང་སེར་སྐྱ་སེམས་རྩེ་གཅིག་པ་ཉིད
184a2 མ་བཏུབ་ནས་ཤེས་ལྡན་དག་མཐོང་ཟིན་གྱིས་ཁོ་བོ་གཞན་དུ་འགྲོའོ།།དྲང་སྲོང་ཆེན་པོ་ཅིའི་ཕྱིར།བསམ་གཏན་གྱི་ཚེར་མི་ནི་སྒྲ་ཡིན་པས་རྩེ་གཅིག་པོ་ཉིད་དུ་མ་བཏུབ་པས་སོ།།
184a3 དྲང་སྲོང་ཆེན་པོ་ཁྱད་འདི་ཉིད་ན་བཞུགས་ཤིག།བདག་ཅག་གཞན་དུ་མཆིན།འོན་ཀྱང་སའི་ཕྱོགས་ཤིག་བདག་ཅག་ལ་ཕོགྲོ་ཅིག།ཤེས་ལྡན་དག་རུང་ངོ་།།དྲང་སྲོང་བདག་།
184a4 ཆེན་པོ་དེ་རྣམས་ནི་འདོད་པ་བཞིན་ཡིད་ལ་རེ་བ་གྲུབ་པ་ཡིན་པས་དེས་གསེར་གྱི་བྱ་མ་བུམ་བླངས་ཏེ།ཆུའི་རྒྱུན་གྱིས་གྲོང་ཁྱེར་གྱི་རྣམ་པ་དག་བྲིས་ནས་དེ་རྣམས་ཀྱིས་གྲོང་ཁྱེར་བརྩིགས་།
184a5 སོ།དྲང་སྲོང་སེར་སྐྱས་དེ་རྣམས་ཀྱི་གནས་ཀྱི་ཕྱིར་གཞི་ཡོངས་སུ་བཏང་བས་སེར་སྐྱའི་གཞིར་སོར་སྐྱའི་གཞི་ཞེས་བྱ་བར་གྱུར་ཏོ།།དེ་རྣམས་དེར་འཕེལ་བར་གྱུར་པས་སྐྱེ་བོའི་ཚོགས
184a6 ཆེན་པོར་གྱུར་ཏེ།དོགས་པས་འཕེལ་ཆེ་བར་མ་གྱུར་ཏོ།།ལྷ་རྣམས་ཀྱི་སེམས་ཀྱིས་དེ་རྣམས་ཀྱིས་སེམས་ཤེས་ནས་ཕྱོགས་གཞན་ཞིག་བསྟན་པ་དང་།དེ་རྣམས་དེར་དོང་སྟེ
184a7 གྲོང་ཁྱེར་ཅིག་ཤོས་བརྩིགས་ནས་ལྷས་བསྟན་ལྷས་བསྟན་ཅེས་བྱ་བར་གྱུར་ཏོ།།དེ་ནས་དེ་རྣམས་ཚོགས་ཤིང་འདུས་ནས་ཕན་ཚུན་གྲེས་བྱ་བར་བརྩམས་པ།ཤེས་ལྡན




iiif viewer powered by OpenSeadragon

183b - 184b

Texts on this page

N286 - mngon par 'byung ba'i mdo