e-texts navigator
Collection
Volume
Page
Wylie

183b1 དེ་ནས་གཞོན་ནུ་དེ་རྣམས་རུང་གི་སྲིང་མོ་ཁྲིད་ནས་མཐར་ཀྱིས་རི་བོ་གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམཱ་ན།དྲང་སྲོང་སེར་སྐྱའི་བསྟི་གྲནས་དང་ཧ་ཅང་མི་རིང་བ་ཞིག་ཏུ་ཕྱིན་ནས་དེ།
183b2 རྣམས་ཀྱིས་དེར་ལོ་མའི་སྤྱིལ་བུ་དག་བྱས་ཏེ།གནས་བཏབ་ནས་རི་དགས་བསད་ཅིང་བསོད་ནས་འཚེ་བ་བྱེད་ཅིང་དུས་གསུམ་དུ་དྲང་སྲོང་སེར་སྐྱའི་བསྟི་གནས་སུ་འདོང་བར་བྱེད་དོ།།ལང་ཚོ
183b3 དང་དྲར་ལ་བབ་པའི་དྲེགས་པས་ཟིན་པས་འདོད་ཆགས་ཀྱིས་ཤིན་ཏུ་ཉེན་ཏེ།ཤ་ཁྲི་ངན་པ་སྐྱེ་བོ་བསེད་བསེད་པོར་གྱུར་ཏོ།།ཇི་ཙམ་དུ་གཞན་ཞིག་ན་དྲང་སྲོང་སེར་སྐྱའི་དེ་ལྟ་བུ་མཐོང
183b4 ནས་དྲིས་པ།ཁྱེད་ཅག་ཅིའི་ཕྱིར་སྐྱེས་པོ་བསད་བསེད་པོར་གྱུར།དེ་རྣམས་ཀྱིས་སྨྲས་པ།དྲང་སྲོང་ཆེན་པོ་བདག་ཅག་འདོད་ཆགས་ཀྱིས་ཤིན་ཏུ་ཉེན་པས་སོ།།དེས་སྨྲས་པ།།
183b5 རང་རང་གི་སྲིང་མོ་སྤོངས་ལ་མས་དབྱེན་གྱི་སྲིང་མོ་རྣམས་དང་ལྷན་ཅིག་འདུག་ཤིག།དྲང་སྲོང་ཆེན་པོ་བདག་ཅག་གིས་དེ་ལྟ་བུ་བགྱིར་རུང་རམ།ཤེས་ལྡན་དག་རྒྱལ་རིགས་རྒྱལ་སྲིད
183b6 སྟོང་པ་རྣམས་ཀྱིས་རུང་ངོ་།།དེ་ནས་དེ་རྣམས་དྲང་སྲོང་གི་ཚིག་ནི་ཚད་མ་ཡིན་ནོ་སྙམ་ནས་འདོད་པའི་འདོད་ཆགས་ཀྱིས་ཉེན་པས་དགའ་བ་དང་མགུ་བ་སྐྱེས་ཏེ།མོས་དབྱེན་གྱི་སྲིང་མོ
183b7 རྣམས་དང་ལྷན་ཅིག་ཏུ་རྩེ་བར་བྱེད།དགའ་བར་བྱེད།དགའ་དགུར་སྤྱོད་པར་བྱེད་དོ།།དེ་རྣམས་དང་དེ་དག་དང་ལྷན་ཅིག་རྩེ་བར་བྱེད།དགའོ་བར་བྱེད།དགའ་དགུར་སྤྱོད་པར




iiif viewer powered by OpenSeadragon

183a - 184a

Texts on this page

N286 - mngon par 'byung ba'i mdo