| | e-texts navigator
|
182b1 ནོངས་པ་མ་མཆིས་པ་སྤྱུགས་ལ་སྐྱོན་མཆིས་པ་དང་།ནོངས་པ་བགྱིས་པ་ནི་གཞག་གོ།རྒྱལ་པོས་བཏང་སྙོམས་སུ་གཞག་ནས་ཅང་མི་སྨྲ་བར་འདུག་གོ།།བློན་པོ་རྣམས་ཚོགས་ནས་ཕན་ཚུན་དུ
182b2 གྲོས་བྱ་བར་བཙམས་པ།ཤེས་ལྡན་དག་ཐབས་ཤིག་བཤམ་པར་བྱ་སྟེ།དེས་ནི་རྒྱལ་པོ་གཞོན་ནུ་རྣམས་ལ་ཐུགས་བྱུང་བར་འགྱུར་བ་ཞིག་བྱའོ་ཞེས་དེ་ནས་དེ་རྣམས་ཀྱིས་སྐྱེད་མོས་ཚིལ།
182b3 བྱི་དོར་བྱས་པ།རི་མོ་སྣ་ཚོགས་ཁྲིད་པར་ཤིན་ཏུ་དྲི་ཞིམ་པའི་པོག་པོར་ཉེ་བར་གཞག།དར་གྱི་ཆུན་འཕྱང་མང་པོ་བཏགས་མེ་ཏོག་སྣ་ཚོགས་ཀྱིས་དགའ་དགའ་ལྟར་བྱས་པོ་ཞིག་བྱེད
182b4 ཏུ་བཅུག་གོ།དེ་ནས་དེ་རྣམས་ཀྱིས་བློན་པོ་རྣམས་ཀྱིས་སྐྱེད་མོས་ཚལ་དེའི་བྱི་དོར་བྱེད་པ་རྒྱང་རིང་པོ་ནས་མཐོང་ནས་གཞོན་ནུ་རྒོད་བག་ཅེན་དེ་རྣམས་སྐྱེད་མོས་ཚལ་གྱི་ཕྱོགས་སུ་དོང་ངོ་།།
182b5 བློན་པོ་རྣམས་སྐྱེད་མོས་ཚལ་གྱི་བྱི་དོར་བྱས་ནས་སྒོར་བྱུང་བ་དང་གཞོན་ནུ་རྣམས་ཀྱིས་དྲིས་པ།འདི་སུའི་སྐྱེད་མོས་ཚལ།དེ་རྣམས་ཀྱིས་སྨྲས་པ།ལྷའི་ལགས་སོ།།དེ་རྣམས
182b6 སླར་ལོག་པར་བརྩམས་པ་དང་བློན་པོ་རྣམས་ཀྱིས་སྨྲས་པ།གཞོན་ནུ་རྣམས་ནང་དུ་བཞུགས་ཤིག།ཅིའི་ཕྱིར་སླར་ལྡོག།དེ་རྣམས་ཀྱིས་སྨྲས་པ།ལྷའི་སྐྱེད་མོས་ཚལ་ཡིན
182b7 ནི་འདིར་འཇུག་ཏུ་ག་ལ་རུང་།བློན་པོ་རྣམས་ཀྱིས་སྨྲས་པ།ལྷ་འམ་གཞོན་ནུ་རྣམས་རོལ་པ་འདི་ལ་འགལ་བ་ཅི་མཆིས།དེ་རྣམས་ནང་དུ་ཞུགས་ཏེ་རྩེ་བོར་བརྩམས་སོ།།
iiif viewer powered by OpenSeadragon
182a - 183a