| | e-texts navigator
|
471b1 འགྱུར།།གང་ན་མདོ་སྡེའི་མཆོག་འདི་གནས།།ཡུལ་འཁོར་དེར་ཡང་འབྱོར་པར་འགྱུར།།དུས་ཀུན་ཏུ་ནི་གནས་པ་དང་།།ཀློག་གམ་ཡང་ན་མཆོད་པར་བྱེད།།འདི་ནི་ཡིད་ལ་འཛིན་བྱེད་པ།།
471b2 སྡིག་པ་ལས་ནི་གྲོལ་བར་འགྱུར།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་།།རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་ཡང་དང་ཡང་དུ་ཕྱག་བྱས་ནས་སོང་ངོ་།།བཅོམ
471b3 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།ཐམས་ཅད་དང་ལྡན་པའི་འཁོར་དུ་དང་།ལྷ་དང་མི་དང་།ལྷ་མ་ཡིན་དང་།ན་མཁའ་ལྡིང་དང་།དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ།
471b4 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།གཎ་ཌཱིའི་མདོ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲེ་དང་།ལི་ཙཱ་བ་དགེ་སློང་ཚུལ་ཁྲིམས་ཡོན་ཏན
471b5 གྱིས་བསྒྱུར།ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བཙོས་ཏེ་གཏན་ལ་ཕབ་པ།6།།རྒྱ་གར་སྐད་དུ།གཎ་ཌཱི་ས་མ་ཡཱ་སཱུ་ཏྲ།བོད་སྐད་དུ།གཎ་ཌཱིའི་དུས་ཀྱི་མདོ།།
471b6 བཅོམ་ལྡན་འདས་འཇམ་དཔལ་གཞི་ནུར་གྱུར་པ་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚུལ་བྱ་ཀ་ལན་ད་ཀའི་གནས
471b7 ན་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ།དགེ་སློང་དག་ལ་ལོ་རྣམས་ཀྱེ་དུས་བཤད་པར་བྱ་ཡིས།དེ་ལེགས་པར་ཉོན་ཅིག་དགེ
iiif viewer powered by OpenSeadragon
471a - 472a