| | e-texts navigator
|
469b1 དག་པ།ངྒཱ་ཤྠ་དང་།མཞི་པར་བྱུད་དུ་དང་།དུས་མ་ཡིན་པར་འཆི་བ་དང་།རིམས་ལ་སོགས་པ་ནི་པར་བྱེད་པ།བ་ས་ང་འདུས་བྱུ་ག
469b2 དདུད་རྣམ་པར་འཇིག་པར་བྱེད་པ།གདུང་བ་སེལ་བར་བྱེད་པ།སྤྲུལ་པ་བཟང་པོ་ཡང་དག་པར་འཕེལ་བར་བྱེད་པ།ཚེ་དང་ནོད་མེད་པ་སྟེར་བར་བྱེད་པ།འཚོ་བའི་འཇིགས་པ
469b3 ཞི་བར་བྱེད་པ།ཐར་པ་དང་དཔལ་འཕེལ་བར་བྱེད་པ།གང་གིས་ཐོས་ནས་རྗེས་ཡི་རང་བ་དེ་ལ་ཡིད་བཞིན་གྱི་ནོར་བུ་ལྟར་འབྲས་བུ་རབ་ཏུ་སྦྱར་བ།ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ
469b4 ཕྱིན་པ་གཎྜི་ཌཱིའི་གཟུགས་ཀྱིས་བཞུག་སོ་ཞེས་ཐོས་པ་དང་།གསལ་རྒྱུལ་སེམས་དང་བ་སྐྱེས་ནུས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས
469b5 འདིའི་ཚད་ནི་ཇི་ཙམ་ལགས།མདོག་ནི་ཅི་འདྲ་ལགས།བྱེ་བྲག་ནི་དུ་ཞིག་ལགས།བརྡུང་པོ་ནི་ཅི་ལྟ་བ་ལགས།གང་གིས་བརྡུང་བར་བཊྚི།གང་གིས་ཚེ་གང་གི་དུས་ན་ཇི་སྲིད་དུ
469b6 བརྡུང་བར་དགྱི།ཇི་ལྟར་གཞག་པར་བགྱི།དེ་སྐད་ཅེས་གསོལ་བ་དང་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།འབྱོར་བར་འདོད་པས་ཤིང་རྣམས་ནི།།རབ་ཏུ་འབད་དེ་བརྟག་པར་ག
469b7 ཙནྡན་རིལ་བ་བ་ལ་ཤ། ཤྭང་ཐ་དད་ཙནྡན་དམར།།རྒྱ་སྦྱར་ཏ་ལ་ཀིང་ཤུ་ཀ།ཤིང་ཤ་བ་དང་ཏ་མ་ལ། མྲ་སྦྱར་བུ་སྐྱུ་རུ་ར།།ཏིང་ཏི་སར་ཨ་ཤཽ་ཀ།འདི་དག་ཐམས་ཅད
iiif viewer powered by OpenSeadragon
469a - 470a