| | e-texts navigator
|
469a1 ཀྱིས་མཐོང་ངམ།ཀུན་ཏུ་ཐོས་སམ།ཤེས་སམ།རྟོགས་སམ།བཅོམ་ལྡན་འདས་མཐོང་ལག་སོ།།བདེ་བར་གཤེགས་པ་མཐོང
469a2 ལགསོ།།ཁུམས་ཤིང་ཀུན་ཏུ་ཁུམས་ལ་འཚལ་ཞིང་རྟོག་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གསལ་རྒྱལ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་མ་སངས་རྒྱས
469a3 དང་།བྱང་ཆུབ་སེམས་དཔའ་སྐྱེད་པ།ཉན་ཐོས་དང་།རང་སངས་རྒྱས་དང་།ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་བྱས་པ།མཆོད་པ།བསམས་པ
469a4 བསྒོམས་པ།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ཡོངསུ་སྐྱོང་བར་བྱེད་པ།མུ་སྟེགས་པ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ།
469a5 སྡང་བའི་སེམས་འདུལ་བར་བྱེད་པ།སྡིག་པའི་སེམས་འཇོམས་པར་བྱེད་པ།ཞེ་སྡང་བའི་སེམས་རྣམ་པར་སེལ་བར་བྱེད་པ།གཏི་མུག་གི་སེམས་རབ་ཏུ་འཇོག
469a6 པར་བྱེད་པ།འདོད་ཆགས་ཀྱི་སེམས་རྣམ་པར་སྤོང་བར་བྱེད་པ།བྱང་ཆུབ་ཀྱི་སེམས་ཡོངསུ་སྦྱོང་བར་བྱེད་པ།སངས་རྒྱས་ཀྱི་སེམས་འཕེལ་བར་བྱེད།སངས་རྒྱས
469a7 འབྱུང་བ་བསྟེན་པར་བྱེད་པ།འཐབ་པ་དང་།འགྱེད་པོ་དང་།འཁྲུག་པ་དང་།རྩོད་པ་དང་།སྡུག་བསྔལ་བ་དང་།རྨི་ལམ་ངན་པ་དང་།ཀུན་འདུལ་བ་ཐམས
iiif viewer powered by OpenSeadragon
468b - 469b