e-texts navigator
Collection
Volume
Page
Wylie

461a1 ཀུན་དགའ་བོ་ཕྱེ་མ་རྙེད་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག
461a2 བཙལ་ཏེ་ཕྱོགས་གཅིག་ཏུ་འདུག།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཙུན་པ་འདིར་བདག་གཅིག་པུ
461a3 དབེན་པར་མཆིས་ཏེ།ནང་དུ་ཡང་དགེ་བཞག་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ།འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས
461a4 པ་ལས་སྐྱེའི་མཁས་པ་ལས་ནི་མ་ལག་སོ།།ཡམས་ཀྱི་ནད་གང་དག་དང་།གནོད་པ་དང་།ནོད་འགྲོ་དང་།འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས
461a5 པ་ལས་སྐྱོའི་མཁས་པ་ལས་ནི་མ་ལགསོ་སྙ་མོ།།ཀུན་དགའ་བོ་དེ་དེ་བཞིནོ།།དདེ་བཞིན་ཏེ།འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི
461a6 མཁས་པོ་ལས་ནི་མ་ཡིནོ།།ཡམས་ཀྱི་ནད་གང་དག་དང་།གནོད་པ་དང་།ནད་འགྲོ་བ་དང་།འཁྲུག་པ་གང་དག་འབྱུང་ཞིང་སྐྱོ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས
461a7 སྐྱེའི་མཁས་པ་ལས་ནི་མ་ཡིན།།ཀུན་དགའ་བོ་དཔེར་ན་འདམ་བུ་སྐམ་པོའི་ཁང་པ་འམ།རྩཝ་སྐམ་པོའི་ཁང་པ་འམ།སོག་མ་སྐམ་པོའི་ཕུང་པོ་དག་ལ་མེ་བཏང་ན་དེ




iiif viewer powered by OpenSeadragon

460b - 461b

Texts on this page

N282 - khams mang po'i mdo