e-texts navigator
Collection
Volume
Page
Wylie

425b1 ལ་མྱ་ངན་ལས་འདའ་བྱར་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་ནི་དེ་སྐད་ཡོད་དོ།།དགེ་སློང་དག་གཞན་ཡང་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ངས་རང་གི་མངོན
425b2 པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཤད་པ་གོ་འཕང་དམ་པ་གཞན་ཡང་ཡོད་དོ།།དགེ་སློང་དག་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བའི་བླ་ན་མེད་པ་ངས་ང
425b3 གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཤད་པ་གོ་འཕྲང་དམ་པ་གཞན་དེ་གང་ཞེ་ན།དགེ་སློང་དག་འདི་ལྟ་སྟེ།ཟག་པ་རྣམས་ཟད་པས་ཟག་པ
425b4 མེད་ཅིང་མངོན་པར་འདུས་མ་བྱས་པའི་རྣམ་པར་གྲོལ་བ་སྟེ།དགེ་སློང་དག་དེ་ནི་སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ངས་རང་གི་མངོན་པར་ཤེས་པས་མངོན་པར་ཤེས་པ
425b5 མངོན་པར་རྫོགས་པར་སངས་རྒྱས་ཏེ་བཤད་བགོ་འབང་དམ་པ་ཡིན།།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་ཡི་རངས་ཏེ།བཅོམ་ལྡན
425b6 འདས་ཀྱིས་གསུངས་པ་ལྔ་མངོན་པར་བསྟོད་དོ།།བར་སྡོམ་ནི།འདུ་ཤེས་ཐ་དད་གཟུགས་ཅན་དང་།།ཆད་དང་རྟག་པར་ལྟ་བ་དང་།།གྲིབ་དང་ཆུ་དང་མཁར་བ་དང་།།
425b7 སྐྱེས་བུ་གདུལ་བྱ་ཐ་མ་ཡིན།།མད་ཆེན་པོ་ལྔ་གསུམ་པ་ཞེས་བྱ་བ་རྫོག་སོ།།།རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་།པྲཛྙཱ་ཝརྨ་དང་།




iiif viewer powered by OpenSeadragon

425a - 426a

Texts on this page

N279 - mdo chen po lnga gsum pa zhes bya ba