e-texts navigator
Collection
Volume
Page
Wylie

424b1 བར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས།སྡུག་བསྔལ་ཡང་མ་ཡིན།བདེ་བའང་མ་ཡིན་པའི་ཚོར་བ་ལས་ཀྱང་ཡང་དག་པར་འདས་ནས།འདི་སྐད་ཅེས་པ
424b2 ནི་ཞི་བའོ།།ང་ནི་མྱ་ངན་ལས་འདས་པའོ།།ང་ནི་སྲེད་མེད་པའོ།།ང་ནི་ཉེ་བར་ལེན་པ་མེད་པ་སྟེ།ང་ལ་སྔོན་བདྲག་ཡོད་པར་གྱུར་པ་དེ་ནི་ད་ལྟར་ང་ལ་མེད་དོ་ཞེས་ཟེར་ཏེ།དེ
424b3 བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས
424b4 ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ།རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས།སྡུག་བསྔལ
424b5 ཡང་མ་ཡིན།བདེ་བའང་མ་ཡིན་པའི་ཚོར་བ་ལས་ཀྱང་ཡང་དག་པར་འདས་ནས་འདི་སྐད་ཅེས།ང་ནི་ཞི་བའོ།།ང་ནི་མྱ་ངན་ལས་འདས་པའོ།།ང་ནི་སྲེད་པ་མེད་པའོ།།ང་ནི
424b6 ཉེ་བར་ལེན་པ་མེད་པ་སྟེ།དེ་ནི་སྔོན་བདག་ཡོད་པར་གྱུར་པ་དེ་ནི་ད་ལྟར་ང་ལ་མེད་དོ་ཞེས་ཟེར་བ་དེ་ཡང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།།དེ་ནི་འདི་ལྟར་རིག
424b7 པར་བྱ་སྟེ།ཚེ་དང་ལྡན་པ་དེ་ནི་ཉེ་བར་ལེན་པ་དང་མཐུན་པར་འགྲོ་བའི་ལམ་གང་ཡིན་པ་ལས་ཡང་དག་པར་མ་འདས་པར་རིག་པར་བྱའོ།།དེས་ནི་འདི་ལྟར་འདོད་པར




iiif viewer powered by OpenSeadragon

424a - 425a

Texts on this page

N279 - mdo chen po lnga gsum pa zhes bya ba