e-texts navigator
Collection
Volume
Page
Wylie

423a1 ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན
423a2 ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ།རབ་ཏུ་དབེན་པའི་དགའ་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདྲས་ཏེ།སྡུག་བསྔལ་ཡང་མ་ཡིན།།
423a3 བདེ་བའང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ལ།དེ་འདི་སྙམ་དུ་སེམཔ་ཏེ།འདི་ལྟར་བདག་སྔོན་གྱི་མཐའ་དང་ལྡན་པའི་ལྔ་པའི་རྣམ
423a4 པ་དག་རབ་ཏུ་སྤངས་ཤིང་ཕྱི་མའི་མཐའ་དང་ལྡན་པའི་ལྟོ་བའི་རྣམ་པ་དག་ཀྱང་རབ་ཏུ་སྤངས་ནས་ཚེ་འདི་ཉིད་ལ་འདོད་པའི་ཀུན་ཏུ་སྦྱོར་བ་རབ་ཏུ་སྤངས་ཏེ།རབ་ཏུ་དབེན་པའི་དགའ
423a5 བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལས་ཀྱང་ཡང་དག་པར་འདས་ཏེ།སྡུག་བསྔལ་ཡང་མ་ཡིན།བདེ་བའང་མ་ཡིན་པའི་ཚོར་བ་ལུས་ཀྱིས་མངོན
423a6 སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ།སྡུག་བསྔལ་ཡང་མ་ཡིན།བདེ་བའང་མ་ཡིན་པའི་ཚོར་བ་འདི་ནི་ཞི་བའོ།།འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་ཏེ།
423a7 དེ་བཞིན་གཤེགས་པས་དགེ་སྦྱོང་ངམ་བྲམ་ཟེ་གང་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་རབ་ཏུ་སྤངས་ཤིང་ཕྱེ་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་ཀྱང




iiif viewer powered by OpenSeadragon

422b - 423b

Texts on this page

N279 - mdo chen po lnga gsum pa zhes bya ba