| | e-texts navigator
|
422b1 རབ་ཏུ་སྤངས་ཏེ།རབ་ཏུ་དབེན་པའི་དྲག་ར་བ་ལས་ཡང་དག་པར་འདས་ཤིང་ཟང་ཟིང་མེད་པའི་བདེ་བ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ལྟ་སྟེ།ཟང་ཟིང་མེད
422b2 པའི་བདེ་བ་འདི་ནི་ཞི་བའོ།།འདི་ནི་གྱ་ནོམ་པའོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།།དགེ་སློང་དག་ཟང་ཟིང་མེད་པའི་བདེ་བའང་མི་རྟག་པ་དང་།
422b3 འགོག་པའི་ཆོས་ཅན་ཡིན་ཏེ།ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་སྡུག་བསྔལ་འབྱུང་བར་འགྱུར་ལ།སྡུག་བསྔལ་འགེགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ་འབྱུང
422b4 བར་འགྱུར་ཏེ།དགེ་སློང་དག་འདི་ལྟ་སྟེ།དཔེར་ན་འོད་པའི་ཆུ་ནི་ལན་འགའ་འབྲི་ཞིང་ལན་འགའ་སྐྱེ་བར་འགྱུར།།དེ་བཞིན་དུ་ཟང་ཟིང་མེད་པའི་བདེ་བ་འགགས་པ་ལས་ཀྱང་སྡུག
422b5 བསྔལ་འབྱུང་བར་འགྱུར་ལ།སྡུག་བསྔལ་འགྲགས་པ་ལས་ཀྱང་ཟང་ཟིང་མེད་པའི་བདེ་བ་འབྱུང་བར་འགྱུར་ཏེ།དགེ་སློང་དག་དེ་ཡང་རགས་པ།འདུས་བྱས་པ།བསམས
422b6 བ།རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ།འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་ཡོད་པས་ནི།དེ་བཞིན་གཤེགས་པས་དེ་ཡོད་པར་ཐུག་སུ་ཆུད
422b7 ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས་ངེས་པར་འབྱུང་བར་གཟིགས་ཤིང་བཻཞུག་སོ།།དགེ་སློང་དག་གཞན་ཡང་འདི་ནི་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་སྔོན་གྱི་མཐའ་རྡོ
iiif viewer powered by OpenSeadragon
422a - 423a