| | e-texts navigator
|
419b1 དང་།ཐོས་པ་བརྒྱད་པ་མེད་པ་དང་།རྣམ་པ་ལ་ཡོངསུ་རྟོག་པ་མེད་པ་དང་།མཐོང་བས་ངེས་པར་རྟོགས་པའི་བཟོད་པ་མེད་པར་ཡང་རྟོགས་ནས།ཤེས་པ་དེ་ཡོད་པར་སེམས་པ
419b2 དེ་ནི་གནས་མེདོ།།དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ་དེ་དང་དེ་དག་རྟོགས་ནས་ཤེས་པ་མོད་ཀྱང་བདག་ཉིད་ཤེས་པ་སྨྲ་བ།ཡོངསུ་བྱང་བ་ཉིད་ཡིན་པར་མགོ་གཅིག་ཏུ
419b3 འཛེག་པར་བྱེད་པ་དེ་ནི་དེ་དག་གི་མི་ཤེས་པ་ཁོ་ན་ཡིན་པར་སྣང་སྟེ།དགེ་སློང་དག་དེ་ཡང་རགས་པ།འདུས་བྱས་པ།བསམས་པ།རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན
419b4 ཏེ།འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པའང་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགསུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར
419b5 གཟིགས།ངེས་པར་འབྱུང་བར་གཟིགས་ཤིང་བཞུགསོ།།དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོགས་པ་དེ་དག་ཁ་ཅིག་བདག
419b6 དང་འཇིག་རྟེན་རྟག་པ་དང་།བདག་དང་འཇིག་རྟེན་མི་རྟག་པ་དང་།རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་།རྟག་པའང་མ་ཡིན་མི་རྟག་པའང་མ་ཡིན་པ་དང་།།
419b7 བདག་དང་སྡུག་བསྔལ་རྟག་པ་དང་།བདག་དང་སྡུག་བསྔལ་མི་རྟག་པ་དང་།རྟག་ཀྱང་རྟག་ལ་མི་རྟག་ཀྱང་མིརྟག་པ་དང་།རྟག་པའང་མ་ཡིན་མི་རྟག་པའང་མ་ཡིན་པ་དང་།
iiif viewer powered by OpenSeadragon
419a - 420a