| | e-texts navigator
|
418b1 ཡོད་པ་ལ་ཆད་པ་དང་།འཇིག་པ་དང་།མེད་པར་འདོགས་པར་བྱེད་པ་དེ་དག་ལ་ནི་མི་ཤེས་པའི་ཕུང་པོའི་ལྷག་མ་ཡོད་དོ།།ཇི་ཙམ་དུ་མི་ཤེས་པའི་ཕུང་པོའི་ལྷག་མ་ཡོད་པ་དེ་ཙམ་དུ
418b2 འཇིག་ཚོགས་ཀྱིས་འཇིག་པ་ཡོད་པས་འཇིག་ཚོགས་ཀྱིས་འཇིགས་ཤིང་སྐྲག་སྟེ།འཇིག་ཚོགས་ཁོ་ན་ལ་ཡོངསུ་སྤྱོད་པར་བྱེད་ཅིང་ཡོངསུ་སྨོད་པར་བྱེད་པ་དེའི་ཚེ་དེ་དག་།
418b3 འཇིག་ཚོགས་ཁོ་ན་ལ་རྗེ་སུ་ཆགས་པ་ཡིནོ།།དགེ་སློང་དག་དེ་ཡང་རགས་པ།འདུས་བྱས་པ།བསམས་པ།རྟོན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ།འདི་ལྟར་འདུ་བྱེད
418b4 རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པའང་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགསུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་།དེ་ལ་ཞི་བར་གཟིགས།ངེས་པར་འབྱུང
418b5 བར་གཟིགས་ཤིང་བཞུགསོ།།དགེ་སློང་དག་ཕྱི་མའི་མཐར་རྟོག་པ་དག་ཕྱི་མའི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ་དག་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་ནི་དེ་སྙེད
418b6 ཡོད་དེ།དེ་དག་ཕྱི་མའི་མཐའ་དང་ལྡན་པའི་ལྕི་བའི་རྣམ་པ་རྣམས་ཤེས་པར་བྱའོ།།དགེ་སློང་དྲག་སྔོན་གྱི་མཐར་རྟོག་པ་དག་སྔོན་གྱི་མཐའ་དང་ལྡན་པའི་ལྟ་བའི་རྣམ་པ
418b7 དག་མངོན་པར་རྗོད་པོ་མངོན་པར་རྗོད་པར་བྱེད་པ་ཇི་སྙེད་ཡོད་ཅེ་ན།དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་དེ་དག་ཁ་ཅིག་བདག་དང་འཇིག་རྟེན
iiif viewer powered by OpenSeadragon
418a - 419a