| | e-texts navigator
|
418a1 འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་ཞིང་གསོན་ལ་འདུག་སྟེ།འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས།འབྲས་དང་བཅས།ཟུག
418a2 རྔུ་དང་བཅས།རིམས་དང་བཅུས།ཡོངསུ་གདུང་བ་དང་བཅས་པ་ཡིན་གྱི།ཇི་ཙམ་དུ་བདག་འདི་ཤི་ཕན་ཅད་བདག་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར
418a3 ཤིན་ཏུ་ལེགས་པར་ཆད་པ་ཡིན།།ཇི་སྲིད་དུ་འདོད་པ་ན་སྤྱོད་པའི་ལྷ་དང་།གཟུགས་ན་སྤྱོད་པའི་ལྷ་དང་།གཟུགས་མེད་པ་ན་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ།
418a4 གཟུགས་མེད་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ།གཟུགས་མེད་པ་ཅིའོང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ།གཟུགས་མེད་པ་འདུ་ཤེས་མེད་འདུ་ཤེས
418a5 མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་ཞིང་གསོན་ལུ་འདུག་སྟེ།འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས།འབྲས་དང་བཅུས།ཟུག་རྔུ་དང་བཅེས་རིམས་དང་བཅས།།
418a6 ཡོངསུ་གདུང་བ་དང་བཅས་པ་ཡིན་གྱི།ཇི་ཙམ་དུ་བདག་འདི་ཤི་བན་ཅད་བདག་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ
418a7 ཡིནོ་སྙམ་དུ་སེམས་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།།དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ།ཆད་པར་སྨྲ་བ།སེམས་ཅན
iiif viewer powered by OpenSeadragon
417b - 418b