| | e-texts navigator
|
417a1 ཟུག་རྔུ་དང་བཅས།རིམས་དང་བཅས།ཡོངསུ་གདུང་བ་དང་བཅས་པ་ཡིན་གྱི།ཇི་ཙམ་དུ་བདག་འདི་ཤི་ཕན་ཅད་བདག་ཆད་ཅིང
417a2 ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག་འདི་ཡང་དག་པར་ཤིན་ཏུ་ལེགས་པར་ཆད་པ་ཡིནོ་སྙམ་དུ་སེམས་ཏེ།དེ་བཞིན་གཤེགས་པས་དགེ་སྦྱོང་དང་བྲམ་ཟེ་གང་དག་ཆད
417a3 པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་ཆད་པར་འགྱུརརོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཅན་དུ་སྨྲ་བ་དེ
417a4 དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨོས་པ་ལ་ཕྱིར་རྒོལ་བར་བྱེད།སྨོད་པར་བྱེད
417a5 ཅིང་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུརརོ་ཞེས་མངོན་པར་རྗོད་པོ་མངོན་པར་རྗོད་པར
417a6 བྱེད་པ་དེ་དག་གིས་སྨྲས་པ་ལའང་ཕྱིར་རྒོལ་བར་བྱེད།སྨོད་པར་བྱེད་ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་ཡོད་པའང་མ་ཡིན།འདུ་ཤེས་མེད
417a7 ངའང་མ་ཡིན་པར་སྨྲ་བ་དེ་དག་ཁོ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པའང་མོ་ཡིན།འདུ་ཤེས་མེད་པའང་མ་ཡིན་པར་འགྱུརརོ་ཞེས་མངོན་པར་རྗོད་པ
iiif viewer powered by OpenSeadragon
416b - 417b