| | e-texts navigator
|
416b1 བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ།།འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེགསུ་སྨོན་ཁོ་ན་མངོན་པར
416b2 རྗོད་པ་མངོན་པར་རྗོད་པར་བྱེད་དེ།དེ་དག་གིས་སྨྲས་པ་དེ་ནི་ཚོང་པ་ལྟ་བུར་འགྱུརརོ་སྙམ་དུ་སེམསོ།།དེ་དག་འདི་སྙམ་དུ་ཡང་སེམས་ཏེ།ཇི་སྲིད་དུ་བདག་འདི་གཟུགས
416b3 ཅན་རགས་པ།འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་ཞིང་།གསོན་ལ་འདུག་སྟེ།འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས།འབྲས་དང་བཅས།།
416b4 ཟུག་རྔུ་དང་བཅས།རིམས་དང་བཅས།ཡོངསུ་གདུང་བ་དང་བཅས་པ་ཡིན་གྱི།ཇི་ཙམ་དུ་བདག་འདི་ཤི་ཕན་ཅད་བདག་ཆད་ཅིང་ཞིག་ལ་མི་འབྱུང་བ་དེ་ཙམ་དུ་བདག
416b5 འདི་ཡང་དག་པར་ཤིན་ཏུ་ལེགས་བར་ཆད་པ་ཡིནོ།།ཇི་སྲིད་དུ་འདོད་པ་ན་སྤྱོད་པའི་ལྷ་དང་།གཟུགས་ན་སྤྱོད་པའི་ལྷ་དང་།གཟུགས་མེད་པ་ན་མཁའ་མཐའ་ཡས
416b6 སྐྱེ་མཆེད་དུ་ཉེ་བར་འགྲོའོ།།གཟུགས་མེད་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ།གཟུགས་མེད་པ་ཅིའང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ།།གཟུགས
416b7 མེད་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་ཞིང་གསོན་ལ་འདུག་སྟེ།འཚོ་ཞིང་སྡོད་པར་འགྱུར་བ་དེ་སྲིད་དུ་ནད་དང་བཅས།འབྲས་དང་བཅས།
iiif viewer powered by OpenSeadragon
416a - 417a