e-texts navigator
Collection
Volume
Page
Wylie

416a1 འདུ་ཤེས་ཡོད་པ་ལའང་མ་ཡིན།འདུ་ཤེས་མེད་པའང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པའང་མ་ཡིན།
416a2 འདུ་ཤེས་མེད་པའང་མ་ཡིན་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད།དམོད་པར་བྱེད་ཅིང་།
416a3 དེ་དག་འདི་སྙམ་དུ་སེམས་ཏེ།དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ།ཕྱིས་འཁོར་ཞིང་ལེགསུཾ་སྨོན་པར་སྨྲ་བ་འདི་དག་ཐམས་ཅད་ནི་འདི་ལྟར་བདག
416a4 ཅག་ཕྱི་མ་ལ་འདི་ལྟ་བུ་དང་འདི་ལྟ་བུར་འགྱུར་བར་བྱའོ།།འདི་ལྟར་བདག་ཅག་ཕྱི་མ་ལ་འདི་ལྟ་བུ་དང་།འདི་ལྟ་བུར་འགྱུར་བར་བྱའོ་ཞེས་ལེག་སུ་སྨོན་པ་ཁོ
416a5 ནུ་མངོན་པར་རྗོད་པར་བྱེད་དེ་འདི་ལྟ་སྟེ།དཔེར་ནི་སྐྱེས་བུ་ཚོང་པ་ཞིག་ཚོད་ཟོང་གིས་ཚོང་བྱེད་པ་ནི་འདི་སྙམ་དུ་སེམས་ཏེ།བདག་གིས
416a6 ཚོང་ཟོང་འདི་ལས་འདི་ལྟ་བུ་དང་འདི་ལྟ་བུ་དག་བླངས་ཤིང་གཞན་དུ་འགྲོ་བར་བྱ་སྟེ།དེར་སོན་ན་བདག་ལྀ་ཁེ་སྒྲོགས་འདི་ལྟ་བུ་དང་འདི་ལྟ་བུ་དག་གྲུབ་པར
416a7 འགྱུརརོ་སྙམ་དུ་སེམསོ།།དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་ཤེས་པ་དང་ལྡན་པ།ཕྱིས་འཁོར་ཞིང་ལེག་སུ་སྨོན་པ་སྨྲ་བ་འདི་དང་ཐམས་ཅད་ཀྱང་འདི་ལྟར




iiif viewer powered by OpenSeadragon

415b - 416b

Texts on this page

N279 - mdo chen po lnga gsum pa zhes bya ba