e-texts navigator
Collection
Volume
Page
Wylie

415b1 དེ་སྒྲུབ་པར་སྣང་བ་དེ་ཡང་སྐྱེ་མཆོད་དེའི་ཉོན་མོངས་པ་ཡིན་ཏེ།དེ་བཞིན་གཤེགས་པས་འདི་ལྟ་སྟེ།སྡུག་བསྔལ་བ་དང་།བསྒྲུབ་པ་དེ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ
415b2 རབ་ཏུ་མཁྱེན་ཏོ།།དགེ་སློང་དག་དེ་ཡང་རགས་པ།འདུས་བྱས་པ།བསམས་པ།རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ།འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད
415b3 རྣམས་ཀྱི་འགོག་པའང་ཡོད་པས་ན།དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགསུ་ཆུད་ནས་དེ་ལས་ཕྱིར་ལོག་ཅིང་དེ་ལ་ཞི་བར་གཟིགས།ངེས་པར་འབྱུང་བར་གཟིགས
415b4 ཤིང་བཞུག་སོ།།དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་ཆད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་ཆད་པར་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད
415b5 པར་བྱེད་པ་དེ་དག་ནི་དགེ་སྦྱོང་དང་བྲམ་ཟེ་གང་དགེ་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར
415b6 བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད།སྨོད་པར་བྱེད་ཅིང་།དགེ་སྦྱོང་དང་བྲམ་ཟེ་གང་དགེ་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ
415b7 ཤེས་མེད་པར་འགྱུར་རོ་ཞེས་མངོན་པར་རྗོད་པར་མངོན་པར་རྗོད་པོར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཡང་ཕྱིར་རྒོལ་བར་བྱེད།སྨོད་པར་བྱེད་ལ།དགེ་སྦྱོང་དང་བྲམ་ཟེ་གང་དག




iiif viewer powered by OpenSeadragon

415a - 416a

Texts on this page

N279 - mdo chen po lnga gsum pa zhes bya ba