| | e-texts navigator
|
415a1 བདག་འདུ་ཤེས་ཅན་དུ་འགྱུར་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས་སྨྲས་པ་ལ་ཕྱིར་རྒོལ་བར་བྱེད།སྨོད་པར་བྱེད་ལ
415a2 དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུརརོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་གིས
415a3 སྨྲས་པ་ལའང་ཕྱིར་རྒོལ་བར་བྱེད།སྨོད་པར་བྱེད་ཅིང་དེ་དག་འདི་སྙམ་དུ་སེམས་ཏེ།འདུ་ཤེས་ནི་ནཱད་དོ།།འདུ་ཤེས་ནི་འབྲས།།འདུ་ཤེས་ནི་ཟུག་རྔུའོ།།
415a4 འདུ་ཤེས་མེད་པའང་ཀུན་ཏུ་རྨོངས་པའོ།།འདི་ལྟ་སྟེ།འདུ་ཤེས་མེད་འདུ་ཤེས་མེད་མི་ནི་སྐྱེ་མཆེད་འདི་ནི་ཞི་བའོ།།འདི་ནི་གྱོ་ནོམ་པའོ་སྙམ་དུ་སེམས་པ་དེ་དག
415a5 ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།།དགེ་སློང་དག་ང་ནི་མཐོང་བ་དང་།ཐོས་པོ་དང་།བྱེ་བྲག་ཕྱེད་པ་དང་།རྣམ་པར་ཤེས་པ་དང་།ཚུལ་ཁྲིམས
415a6 དང་།བརྟུལ་ཞུགས་དང་།འཚོ་བ་དང་།ཚངས་པར་སྤྱོད་པ་དང་།དཀའ་ཐུབ་དང་།བསྙེན་བཀུར་ལྷུར་ལེན་པ་ཙམ་གྱིས་འདུ་བྱེད་ཀྱི་སྐྱེ་མཆེད་ལྷག་མ་དེ་རྗེ་སུ་འཐོབ
415a7 པར་འགྱུར་བར་མི་སྨྲའི།དགེ་སློང་དག་ང་ནི་སྲིད་པའི་རྩེ་མོའི་སྙོམས་པར་འཇུག་པས་སྐྱེ་མཆེད་དེ་རྗེསུ་འཐོབ་པར་འགྱུར་བར་སྨྲའོ།།དགེ་སློང་དག་འདི་ལྟ་སྟེ།
iiif viewer powered by OpenSeadragon
414b - 415b