e-texts navigator
Collection
Volume
Page
Wylie

414a1 ལས་གཞན་པ་དང་།འདུ་བྱེད་རྣམས་ལས་གཞན་དུ་འདོགས་པར་མི་བྱེད་དོ།།དགེ་སློང་དག་གང་དག་འདི་སྐད་ཅེས་བདག་ནི་རྣམ་པར་ཤེས་པར
414a2 འོང་བ་འམ།འགྲོ་བའམ།གནས་པ་འམ།འཆི་འཕོ་བ་འམ།སྐྱེ་བ་འམ།རྒྱས་ཤིང་འཕེལ་ལ་ཡངས་པར་འགྱུར་བ།གཟུགས་ལས་གཞན་པ་དང་།ཚོར
414a3 བ་ལས་གཞན་པ་དང་།འདུ་ཤེས་ལས་གཞན་པ་དང་།འདུ་བྱེད་རྣམས་ལས་གཞན་དུ་འདོགས་པར་བྱེད་དོ་ཞེས་ཟེར་ན།དེ་ནི་ཚིག་གི་དངོས་པོ་ཁོ་ནར་ཟད་དེ་འདི
414a4 ལྟ་སྟེ།ཡུལ་མ་ཡིན་པའི་ཕྱིར་དྲིས་ན་ཡང་དགྲ་པར་རབ་ཏུ་མི་ཤེས་ཤིང་ལན་ལའང་རྨོངས་པར་འགྱུརརོ།།དགེ་སློང་དག་དེའང་རགས་པ།འདུས་བྱས་པ།
414a5 བསམས་པ།རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ།འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པ་འང་ཡོད་པས་ན་དེ་བཞིན་གཤེགས་པས་དེ་ཡོད
414a6 པར་ཐུག་སུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས་ངེས་པར་འབྱུང་བར་གཟིགས་ཤིང་བཞུགསོ།།དགེ་སློང་དག་དེ་ལ་དགེ་སྦྱོང་དང་།བྲམ་ཟེ
414a7 གང་དག་འདུ་ཤེས་ཡོད་པའངོ་མ་ཡིན།འདུ་ཤེས་མེད་པའང་མ་ཡིན་པར་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཡོད་པའང་མ་ཡིན་འདུ་ཤེས་མེད




iiif viewer powered by OpenSeadragon

413b - 414b

Texts on this page

N279 - mdo chen po lnga gsum pa zhes bya ba