| | e-texts navigator
|
413a1 མཆེད་ཡིནོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར་བྱེད་པ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།།དགེ་སློང་དག
413a2 འདུ་ཤེས་ཐ་དད་པ་དང་།མཆོག་ཏུ་འདོགས་པ་ཐ་དད་པ་དེ་དག་གི་འདི་ལྟ་སྟེ།རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར
413a3 འདས་ནས་ཅིའང་མེད་དོ།།ཞེས་ཅིའང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ།གཉིསུ་མེད་པ་མི་གཡོ་བ་དེ་ནི་མཆོགོ་ཡིན་ཞིང་དེ་ནི་བླ་ན་མེད་པ་ཡིན།།
413a4 དགེ་སློང་དག་དེ་ནི་རགས་པ།འདུས་བྱས་པ།བསམས་པ།རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཏེ།འདི་ལྟར་འདུ་བྱེད་རྣམས་ཡོད་ན་འདུ་བྱེད་རྣམས་ཀྱི་འགོག་པའང
413a5 ཡོད་པས་ན།དེ་བཞིན་གཤེགས་པོས་དེ་ཡོད་པར་ཐུགསུ་ཆུད་ནས་དེ་ལས་ཕྱིར་ལྡོག་ཅིང་།དེ་ལ་ཞི་བར་གཟིགས།ངེས་པར་འབྱུང་བར་གཟིགས་ཤིང་བཞུགས
413a6 སོ།།དགེ་སློང་དག་དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་དག་འདུ་ཤེས་མེད་པར་སྤྲོ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་མེད་པར་འགྱུར་ཞེས་མངོན་པར་རྗོད་པ་མངོན
413a7 པར་རྗོད་པ་དེ་དག་ནི་དགེ་སྦྱོང་དང་བྲམ་ཟེག་དག་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་ཁ་ཅིག་དེ་ཕན་ཆད་བདག་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་མངོན་པར་རྗོད་པ་མངོན་པར་རྗོད་པར
iiif viewer powered by OpenSeadragon
412b - 413b