| | e-texts navigator
|
411a1 ཚིག་མཉན་པར་བྱ་བ་དང་།གཏམས་པ་བཞིན་བྱ་བ་དང་།རྗེསུ་བསྟན་པ་བཞིན་བྱ་བ་དེ་ནི་གནས་ཡིན།།བཅོམ་ལྡན་འདས་ཀྱིས
411a2 དེ་སྐད་ཅེས་བཀའ་སྩལ་ཏེ།བདེ་བར་གཤེགས་པས་དེ་སྐད་གསུངས་ནས།སྟོན་པས་གཞན་ཡིད་འདི་སྐད་བཀའ་སྩལ་ཏོ།།དགོན་པ་ནི་ཤིང་དྲུང་དང་།
411a3 ཁྱིམ་སྟོང་དག་ཏུ་འཇིག་རྟེན་གཙོ།།རྣམ་པར་འདྲེན་པ་རྫོགས་སངས་རྒྱས།།རྗེསུ་དྲན་གྱིས་དགེ་སློང་དག།གལ་ཏེ་རྣམ་འདྲེན་འཇིག་རྟེན་གཙོ།།རྫོགས
411a4 སངས་རྒྱས་པ་མི་དྲན་ན།།འདོད་ཆགས་བྲལ་བ་རྣམས་ཀྱི་མཆོག།ཆོས་དེ་རྗེསུ་དྲན་པར་གྱིས།།གལ་ཏེ་འདོད་ཆགས་བྲལ་བའི་མཆོག།ཆོས་དེ་རྗེསུ་མི
411a5 དྲན་ན།།དགེ་འདུན་བླ་མེད་བསོད་ནམས་ཞིང་།།དེ་ནི་རྗེསུ་དྲན་པར་གྱིས།།སངས་རྒྱས་ཆོས་དང་དགེ་འདུན་རྣམས།།དེ་ལྟར་རྗེསུ་དྲན་བྱས་ན།།
411a6 འཇིགས་དང་བག་ཚེ་སྤུ་ལྡང་བ།།མེད་པར་འགྱུར་རོ་དགེ་སློང་དག།འཇིགས་པས་སྐྲག་པའི་མི་མང་པོ།།རི་དང་ནགས་ཚལ་རྣམས་དག་དང་།།ཀུན
411a7 དགའ་མཆོད་པའི་ལྗོན་ཤིང་ལ།།སྐྱབསུ་འགྲོ་བར་གང་བྱེད་པ།།དེ་ནི་སྐྱབས་གཙོ་མ་ཡིན་ཞིང་།།དེ་ནི་སྐྱབས་མཆོག་མ་ཡིན་ཏེ།།སྐྱབས་དེ
iiif viewer powered by OpenSeadragon
410b - 411b