e-texts navigator
Collection
Volume
Page
Wylie

410b1 སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པ་དག་ལས་ཡོངསུ་མ་ཐར་ལ།འཇིགས་པ་ཡོད།བག་ཚ་བ་ཡོད།དངང་བ་ཡོད།འབྱོས་པ
410b2 ཡོད་པའི་ལྷའི་དབང་པོ་བརྒྱ་བྱིན་དེའི་ཚིག་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བས་མཉན་པར་བྱ་བར་སེམས་ཤིང་ཚིག་བཞིན་དུ་བྱ་བར་སེམས་ན།དགེ་སློང་དག
410b3 ང་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདོད་ཆགས་དང་བྲལ་བ།ཞེ་སྡང་དང་བྲལ་བ།གཏི་མུག་དང་བྲལ་བ།སྐྱེ་བ་དང་།།
410b4 རྒ་བ་དང་།ན་བ་དང་།འཆི་བ་དང་།མྱ་ངན་དང་།སྨྲེ་སྔགས་འདོན་པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པ་དག་ལས་ཡོངསུ
410b5 ཐར་པ།འཇིགས་པ་མེད།བག་ཚ་བ་མེད།དངང་བ་མེདེ།འབྲོས་པ་མེད་པ་ཡིན་པས་དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
410b6 རྒྱས་འདོད་ཆགས་དང་བྲལ་བ།ཞེ་སྡང་དང་བྲལ་བ།གཏི་མུག་དང་བྲལ་བ།སྐྱེ་བ་དང་།རྒ་བ་དང་།ན་བ་དང་།འཆི་བ་དང་།མྱ་ངན་དང་།སྨྲེ་སྔགས་འདོན
410b7 པ་དང་།སྡུག་བསྔལ་བ་དང་།ཡིད་མི་བདེ་བ་དང་།འཁྲུག་པ་དག་ལས་ཡོངསུ་ཐར་པ།འཇིགས་པ་མེད་ག་ངག་ཆ་མེད་པ།དངང་བ་མེད་པ།འབྲོས་པ་མེད་པ།




iiif viewer powered by OpenSeadragon

410a - 411a

Texts on this page

N278 - mdo chen po rgyal mtshan dam pa