e-texts navigator
Collection
Volume
Page
Wylie

409b1 ཚེ་ཁྱོད་ཀྱིས་ང་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་བྱས་ན་འཇིགས་པ་འམ།བག་ཆུ་བ་འམ།སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུར།།དག
409b2 སློང་དག་སྔོན་ལྷ་དང་།ལྷ་མ་ཡིན་གྱི་གཡུལ་ཉེ་བར་གནས་པར་གྱུར་ན།ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ།གྲོགས་པོ་དག
409b3 གལ་ཏེ་ཁྱེད་ཅག་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ་ན།འཇིགས་པ་འམ།བག་ཚོ་བ་འམ།སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན།དེའི་ཚེ་ཁྱེད་ཀྱིས་ངའི
409b4 རྒྱལ་མཚོན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེསུ་དྲན་པར་གྱིས་ཤིག།དེའི་ཚེ་ཁྱེད་ཀྱིས་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་ཡང་དག་པར་རྗེ་སུ་དྲན་པར་བྱས་ན
409b5 འཇིགས་པ་འམ།བག་ཆེ་བོ་འམ།སྤུ་ཟིང་ཞེས་བྱེད་པ་འབྱུང་བར་འགྱུར་བ་གང་ཡིན་པ་དེ་མེད་པར་འགྱུརརོ།།དགེ་སློང་དག་དེ་བཞིན་དུ་གལ་ཏེ་ཁྱེད་ཅིག་ཀྱང
409b6 དགོན་པ་ན་འདུག་ཀྱང་རུང་།ཤིང་དྲུང་ན་འདུག་ཀྱང་རུང་།ཁྱིམ་སྐྱོང་པ་ནི་འདུག་ཀྱང་རུང་སྟེ།འཇིགས་པ་འམ།བགྲ་ཆེ་བ་འམ།སྤུ་ཟིང་ཞེས་བྱེད་པ་སྐྱོ་བར
409b7 བྱུར་ན།དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབ་སུ་ལྡན་པོ།བདེ




iiif viewer powered by OpenSeadragon

409a - 410a

Texts on this page

N278 - mdo chen po rgyal mtshan dam pa