| | e-texts navigator
|
409a1 རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་།པྲཛྙཱ་ཝརྨྨ་དང་།ཞུས་ཆེན་གྱིས་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།
409a2 རྒྱ་གར་སྐད་དུ།དྷཱ་ཛཱ་གྲན་ནཱ་མ་མ་ཧཱ་སཱུ་ཏྲ་མ།བོད་སྐད་དུ།མདོ་ཆེན་པོ་རྒྱལ་མཚན་དམེ་པ་ཞེས་བྱ་བ།དཀོན་མཆོག་གསུམ་ལ་ཕྱག
409a3 འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་མཉན་ཡོད་ན།རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན
409a4 བཞུགསོ།།དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ།དགེ་སློང་དག་གལ་ཏེ་ཁྱོད་ཅག་དགོན་པ་ན་འདུག་ཀྱང་རུང་ཤིང་རྒྱུན་འདུག་ཀྱང་རླུང་།
409a5 ཁྱིམ་སྟོང་པ་ན་འདུག་ཀྱང་རུང་སྟེ།འཇིགས་པ་འམ།བག་ཚ་བ་འམ།སྤུ་ཟིང་ཞེས་བྱེད་པ་སྐྱེ་བར་གྱུར་ན།དེའི་ཚེ་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན
409a6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབསུ་ལྡན་པ།བདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་གདུལ
409a7 བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ།ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་ཡིནོ་ཞེས་ང་རྣམ་པ་ལས་ཡང་དག་པར་རྗེསུ་དྲན་པར་གྱིས་ཤིག།དེའི
iiif viewer powered by OpenSeadragon
408b - 409b