| | e-texts navigator
|
402b1 ཐུགས་རྗེ་དང་ལྡན་པ།དོན་དུ་བཞེད་པ།ཕན་པར་བཞེད་པ།ཐུགས་རྗེ་བར་གྱུར་པ།ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ལ་ཕན་པ་འདི་དང་།བདེ་བ་འདི་དང་།ཕན་པ་དང
402b2 བདེ་བ་འདིའི་ཕྱིརོ་ཞེས་ཆོས་སྟོན་པར་མཛད་པ་ན།དེའི་ཉན་ཐོས་དེ་དག་གུས་པར་ཉན་པར་བྱེད་ཅིང་།རྣ་ཀློག་པར་བྱེད།ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་འཇོག་པར
402b3 བྱེད།ཆོས་ཀྱི་རྗེ་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་ལ།སྟོན་པའི་བསྟན་པ་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན།ཀུན་དགའ་བོ་དེ་ནི་ཉན་ཐོས་རྣམས་སྟོན་པ་ལ
402b4 མཛའ་བཤེས་དང་ལྡན་པས་ཀུན་ཏུ་སྤྱོད་ཅིང་འགྲན་ཟླ་དང་ལྡན་པས་མ་ཡིན་པ་ཡིན།།ཀུན་དགའ་བོ་ད་ནི་ཁྱེད་ཅག་ལ་ཚར་བཅད་ཅིང་བཅད་ཅིང་།ཟིལ་གྱིས་མནན་ཅིང
402b5 མནན་ཅིང་སྨྲ་སྟེ།རྫ་མཁན་རྫ་མ་མོ་ཆེས་པ་དག་ལས་སྲ་བ་གང་ཡིན་པ་དེ་འཇོག་པར་བྱེད་པ་བཞིན་དུ་ཁྱེད་ལ་དབྱིག་ཏུ་མི་འཛིན་གྱིས།ངའི་ཚིག་གི་ལམ་རྣམས་ལ
402b6 ཡང་བཟོད་པར་གྱིས་ཤིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
402b7 བར་སྡོམ་ནི།འཕགས་པའི་བདེ་དང་དུས་སྦྱོར་དང་།གཟུགས་དང་མཆོག་དགའ་དགེ་སློང་དང་།ཁྲུས་རིལ་ཕྱེ་སྡོང་ཉིད་སོགས་དང་།ཏིང་འཛིན་ལ་སེམས
iiif viewer powered by OpenSeadragon
402a - 403a