e-texts navigator
Collection
Volume
Page
Wylie

402a1 བོ་ད་ནི་མཛའ་བཤེས་དང་ལྡན་པས་ཀུན་ཏུ་སྤྱོད་པར་བྱེད་ཀྱི།འགྲན་ཟླ་དང་ལྡན་པས་ནི་མ་ཡིན།།ཀུན་དགའ་བོ་ཇི་ལྟར་ན་ཉན་ཐོས
402a2 རྣམས་སྟོན་པ་ལ་འགྲན་ཟླ་དང་ལྡན་པས་ཀུན་ཏུ་སྤྱོད་ཅིང་མཛའ་བཤེས་དང་ལྗོན་པས་མ་ཡིན་ཞེ་ན།ཀུན་དགའ་བྲོ་འདི་ལ་སྟོན་པ་རྗེ་སུ་ཐུགསུ་བརྩེ་བ་དང་ལྡན་པ།
402a3 ཐུགས་རྗེ་དང་ལྡན་པ།དོན་དུ་བཞེད་པ།ཕན་པར་བཞེད་པ།ཐུགས་རྗེ་བར་གྱུར་པ།ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ལ་ཕན་པ་འདི་དང་།བདེ་བ་འདི
402a4 དང་།ཕན་པ་དང་བདེ་བ་འདིའི་ཕྱིར་རོ་ཞེས་སྟོན་པར་མཛད་པ་ན།དེའི་ཉན་ཐོས་དེ་དག་གུས་པར་ཉན་པར་མི་བྱེད་ཅིང་།རྣོ་ཀློག་པར་མི་བྱེད།ཀུན་ཤེས་པར
402a5 བྱེད་པའི་སེམས་ཉེ་བར་འཇོག་པར་མི་བྱེད།ཆོས་ཀྱི་རྗེསུ་མཐུན་པའི་ཆོས་སྒྲུབ་པར་མི་བྱེད་ལ།སྟོན་པའི་བསྟན་པ་ལས་རྣམ་པར་འདས་ཤིང་གནས་པར་བྱེད་ན།
402a6 ཀུན་དགའ་བོ་དེ་ནི་ཉན་ཐོས་རྣམས་སྟོན་པ་ལ་འགྲན་ཟླ་དང་ལྡན་པས་ཀུན་ཏུ་སྤྱོད་ཅིང་མཛའ་བཤེས་དང་ལྡན་པས་མ་ཡིན་པ་ཡིན།།ཀུན་དགའ་བོ་ཇི་ལྟར་ན་ཉན་ཐོས་རྣམས
402a7 སྟོན་པ་ལ་མཛའ་བཤེས་དང་ལྡན་པས་ཀུན་ཏུ་སྤྱོད་ཅིང་འགྲན་ཟླ་དང་ལྡན་པས་མ་ཡིན་ཞེ་ན།ཀུན་དགའ་བོ་འདི་ལ་སྟོན་པ་རྗེ་སུ་ཐུགས་བརྩེ་བ་དང་ལྡན་པ།




iiif viewer powered by OpenSeadragon

401b - 402b

Texts on this page

N276 - mdo chen po stong pa nyid chen po zhes bya ba