e-texts navigator
Collection
Volume
Page
Wylie

392b1 བདག་གིས་སེམས་ནང་ཁོ་ནར་བཞག།ཡང་དག་པར་བཞག།བསྡུས་ཏེ་བཞག།ཉེ་བར་བཞག།དུལ་བར་བྱས།ཞི་བར་བྱས།ཉེ་བར་ཞི་བར་བྱས།རྒྱུད་གཅིག
392b2 ཏུ་བྱས་ཤིང་ཏིང་འཛིན་དུ་བྱས་ཏེ།ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་ཟེར་ན།ཀུན་དགའ་བོ་དེའི་ཚིག་ནི་ལགས་པ་ཡིན།།
392b3 དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་དེ་ནི་གནས་ཡིན་ཞིང་སྐབས་ཡིན་ཏེ།གོང་སེམས་ན་ཁོ་ནར་བཞག།ཡང་དག་པར་བཞག།བསྡུས་ཏེ་བཞག།ཉེ་བར་བཞག
392b4 དུལ་བར་བྱས།ཞི་བར་བྱས།ཉེ་བར་ཞི་བར་བྱས།རྒྱུད་གཅིག་ཏུ་བྱས་ཤིང་།ཏིང་འཛིན་དུ་བྱས་ཏེ།ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས
392b5 ཏེ་གནས་པར་འགྱུར་བ་དེ་ནི་གནས་ཡོད་པའི་ཕྱིར།།ཀུན་དགའ་བོ་ཇི་ལྟར་ན་དགེ་སློང་སེམས་ནང་ཁོ་ནོར་འཇོག་པར་བྱེད།ཡང་དག་པར་འཇོག་པར་བྱེད།བསྡུས་ཏེ།
392b6 འཇོག་པར་བྱེད།ཉེ་བར་འཇོག་པར་བྱེད།དུལ་བར་བྱེད།ཞི་བར་བྱེད།ཉེ་བར་ཞི་བར་བྱེད།རྒྱུད་གཅིག་ཏུ་བྱེད་ཅིང་།ཏིང་འཛིན་དུ་བྱེད་ཅེ་ན།འདི་ལ་དགེ
392b7 སློང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་དེ་ཉིད་མངོན་པར་རླན་པར་བྱེད།ཡོངསུ་རླན་པར་བྱེད།ཡོངསུ་ཚིམ་པར་བྱེད་ཅིང་།ཡོངསུ་ཁྱབ་པར




iiif viewer powered by OpenSeadragon

392a - 393a

Texts on this page

N276 - mdo chen po stong pa nyid chen po zhes bya ba