e-texts navigator
Collection
Volume
Page
Wylie

392a1 སློང་དེས་སྔམས་ནང་ཁོ་ནར་བཞག་པར་བྱ།ཡང་དག་པར་བཞག་པར་བྱ།བསྡུས་ཏེ་བཞག་པར་བྱ།ཉེ་བར་བཞག་པར་བྱ།དུལ་བར་བྱ།
392a2 བར་བྱ།ཉེ་བར་ཞི་བར་བྱ།རྒྱུད་གཅིག་ཏུ་བྱ་ཞིང་ཏིང་འཛིན་དུ་བྱའོ།།ཀུན་དགའ་བོ་དགེ་སློང་གང་འདི་སྐད་ཅེས།བདོག་གིས་སེམས་ནང་ཁོ་ནོར་མ་བཞག།ཡང་དང་།
392a3 པར་མི་བཞག།བསྡུས་ཏེ་མ་བཞག།ཉེ་བར་མ་བཞག།དུལ་བར་མ་བྱས།ཞི་བར་མ་བྱས།ཉེ་བར་མ་བྱས།ཉེ་བར་ཞི་བར་མ་བྱས།རྒྱུད་གཅིག་ཏུ་མ
392a4 བྱས་ཤིང་།ཏི་འཛིན་དུ་མ་བྱས་པར་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱསོ་ཞེས་ཟེར་ན།ཀུན་དགའ་བོ་དེ་ནི་རྣམ་པར་འཁྲུལ་པ
392a5 ཡིན་པར་རིག་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།ཀུན་དགའ་བོ་དེ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་ཏེ།གང་སེམས་ནང་ཁོ་ནར་མ་བཞག།ཡང་དག་པར་མ་བཞག།
392a6 བསྡུས་ཏེ་མ་བཞག།ཉེ་བར་མ་བཞིག།དུལ་བར་མ་བྱས།ཞི་བར་མ་བྱས།ཉེ་བར་ཞི་དར་མ་བྱས།རྒྱུད་གཅིག་ཏུ་མ་བྱས་ཤིང་།ཏིང་འཛིན་དུ་ལ་བྱས
392a7 པར་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ནི་གནས་མེད་པའི་ཕྱིརརོ།།ཀུན་དགའ་བོ་དགེ་སློང་གང་འདི་སྐད་ཅེས།




iiif viewer powered by OpenSeadragon

391b - 392b

Texts on this page

N276 - mdo chen po stong pa nyid chen po zhes bya ba