| | e-texts navigator
|
391b1 མཐོང་ངོ་།།ཀུན་དགའ་བོ་ད་ལྟ་བས་ན་ངའི་གནས་པ་ནི་འདི་ལྟ་སྟེ།རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལ་ཡང་དག་པར་འདུས་ནས་ཕྱི་སྟོང་པ་ཉིད་སྐུས་མངོན་སུམ་དུ
391b2 མཛད་ནས་བསྒྲུབས་ཏེ་བཞུགས་པ་འདིའང་རྗེསུ་རྟོགས་ཤིང་རབ་ཏུ་རྟོག་སོ།།ང་གནས་པ་འདིས་གནས་པ་ན་མཆོག་ཏུ་དགའ་བ་སྐྱེས་ཏེ།ང་མཆོག་ཏུ་དགའ་བ་དེས་ལུས
391b3 ཀྱི་ཐམས་ཅུད་ཡང་དག་པར་མྱོང་ཞིང་དྲན་པ་དང་ཤེས་བཞིན་གྱིས་ལན་མང་དུ་གནས།།ང་གནས་པ་འདིས་གནས་པ་ན་དགའ་བ་དང་།ཤིན་ཏུ་སྦྱངས་པ་དང་།བདེ་བ
391b4 དང་།ཏིང་འཛིན་སྐྱེས་ཏེ།ང་ཏིང་འཛིན་དེས་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་དྲན་པ་དང་ཤེས་བཞིན་གྱིས་ལན་མང་དུ་གནསོ།།ང་གནོས་པ་འདིས་གནས་པ་ན
391b5 དགེ་སློང་དང་།དགེ་སློང་མ་དང་།དགེ་བསྙེན་དང་།དགེ་བསྙེན་མ་དག་ཉེ་བར་ལྷག་པར་གྱུར་ནས།ང་དེ་ལ་གཞོལ་བ་དང་།དེ་ལ་འབབ་པ་དང་།དེ་ལ་བབ
391b6 པའི་སེམས་ཀྱིས་དེ་དག་ལ་འདི་ལྟ་སྟེ།བརྩོན་འབྲས་སུ་རུང་བར་བྱ་བའི་ཕྱིར་ཕན་ཚུན་ཀུན་དགའ་བར་གཏམ་འདྲེ་བར་ས།ཕེངས་པར་སྨྲ་ཞིང་ཆོས་ཀྱི་གཏམ་ཡང་ཟེར་པོ།
391b7 ཀུན་དཀའ་བོ་དེ་ལྟ་བས་ན་དགེ་སློང་ཡང་ཀྱེ་མ་བདག་ཕྱི་སྟོང་པ་ཉིད་ལུས་ཀྱིས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པར་བྱའོ་ཞེས་འདོད་པར་གྱུར་ན།ཀུན་དགའ་བོ་དགེ
iiif viewer powered by OpenSeadragon
391a - 392a