e-texts navigator
Collection
Volume
Page
Wylie

390b1 བ་དང་།ཉེ་བར་ཞི་བའི་བདེ་བ་དང་།རྫོགས་པར་བྱང་ཆུབ་པའི་བདེ་བ་དང་།དེ་ལྟ་བུའི་བདེ་བ་གང་ཡིན་པ་དེ་དག་ཅི་འདོད་པ་བཞིན་འཐོབ་པ་དང་།དཀའ་བ་མེད་པར་འཐོབ་པར
390b2 འགྱུར་བ་དེ་ནི་གནས་མེད་དོ།།ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་མི་དགའ་བ་དང་།བྲེ་མོ་གཏམ་ལ་ཀུན་ཏུ་མི་དགའ་བ་དང་།བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ
390b3 དཱི་ལྱ་བཙུན་པའི་རྗེས་མྦྷ་སྟོར་བདོང་།ཆོགསྔ་ལ་མི་དགའ་བདུང།ཚོགས་ལ་ཀུན་དྷ་མྦྷི་དགའ་བ་དང་།ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལྔ་བཙུན་པའི་རྫས
390b4 མི་སྦྱོར་བ་ལ་གནས་ཤིང་།ཚོགས་ལས་གཅིག་པུ་ལོགས་ཤིག་ན་གནས་པ་དེ་སཱ་ནི་རེ་ཞིག་འཕགས་པའི་བདེ་བ་དང་།ངེས་པར་འབྱུང་བའི་བདེ་བ་དང
390b5 རབ་ཏུ་དབེན་པའི་བདེ་བ་དང་།ཉེ་བར་ཞི་བའི་བདེ་བ་དང་།རྫོགས་པར་བྱང་ཆུབ་པའི་བདེ་བ་དང་།དེ་ལྟ་བུའི་བདེ་བ་གང་ཡིན་པ་དེ་དག་ཅི་འདོད་པ་བཞིན་འཐོབ་པ་དང
390b6 དཀའ་བ་མེད་པར་ཐོབ་པར་འགྱུར་བ་དེ་ནི་གནས་ཡོད་དོ།།ཀུན་དགའ་བོ་དགེ་སློང་བྲེ་མོ་གཏམ་ལ་དགའ་བ་དང་།བྲེ་མོ་གཏམ་ལ་ཀུན་ཏུ་དགའ་བ་དང་།བྲེ་མོ
390b7 གཏམ་ལ་ཀུན་ཏུ་དགའ་བ་ཉིད་ལ་བརྩོན་པའི་རྗེསུ་སྦྱོར་བ་དང་།ཚོགས་ལ་དགའ་བ་དང་།ཚོགས་ལ་ཀུན་ཏུ་དགའ་བ་དང་།ཚོགས་ལ་ཀུན་ཏུ་དགའ་བ་ཉིད་ལ




iiif viewer powered by OpenSeadragon

390a - 391a

Texts on this page

N276 - mdo chen po stong pa nyid chen po zhes bya ba